འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྲི་193.3ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། གསར་འགོད་པར་《ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་》ལག་ལེན་བསྟར་ནས་ལོ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2017ལོའི་ཟླ་7པའི་ཟླ་མཇུག་བར། བཟོ་ཚོང་སྡེ་ཚན་དུ་ཐོ་འགོད་བྱས་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྲི་193.3ཟིན་པ་དེ་2007ལོའི་ལོ་མཇུག་གི་ལྡབ་74ཡིན་པ་དང་ལོ་རེར་ཆ་སྙོམས་འཕར་ཚད་60%ཟིན་ཡོད། མཉམ་ལས་ཁང་དུ་དངོས་སུ་ཞུགས་པའི་ཞིང་དུད་དུང་ཕྱུར་1ལས་བརྒལ་ནས་རྒྱལ་ཡོངས་ཞིང་དུད་བསྡོམས་འབོར་གྱི་46.8%ཟིན་པ་དང་། མཉམ་ལས་ཁང་དུ་ཞུགས་པའི་ཞིང་དུད་ཀྱི་ཡོང་འབབ་རྒྱ་ཁྱབ་ངང་ཁོངས་མི་མིན་པའི་ཞིང་དུད་ལས་20%ཡན་གྱིས་མཐོ་བ་ཡོད། ཞིང་པའི་ཆེད་ལས་མཉམ་ལས་ཁང་དག་ཞིང་ལས་གཉེར་སྐྱོང་བྱེད་པོ་དཔེ་གསར་ཅན་དང་དེང་རབས་ཞིང་ལས་འཛུགས་སྐྲུན་གྱི་གལ་ཆེའི་སྟོབས་ཤུགས་ཆེ་ཤོས་སུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།