འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡའི་2016ལོ་ནས་2017ལོ་བར་གྱི་ནོར་སྲིད་ལོ་འཁོར་ནང་རྒྱལ་སྤྱིའི་
    ཡུལ་སྐོར་བས་འཛད་སྤྱོད་བྱེད་ཚད་ཟིན་ཐོ་གསར་པ་བཏོད་པར་
    ཀྲུང་གོ་བས་ལེགས་སྐྱེས་ཆེན་པོ་ཕུལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན་ཨོ་སི་ཁྲུ་ལི་ཡའི་ཚོང་དོན་དང་། ཡུལ་སྐོར། མ་འཇོག་བཅས་ཀྱི་པུའུ་ཀྲང་སི་ཏི་ཧྥུ·ཆའོ་པོས་2016ལོ་ནས་2017ལོ་བར་གྱི་ནོར་སྲིད་ལོ་འཁོར་(2016ལོའི་ཟླ་7ཚེས་1ནས་2017ལོའི་ཟླ་6ཚེས་30ཉིན་བར)ནང་རྒྱལ་སྤྱིའི་ཡུལ་སྐོར་བས་ཨོ་སི་ཁྲུ་ལི་ཡར་འཛད་སྤྱོད་བྱེད་པའི་དངུལ་གྲངས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་ལས་ཀྲུང་གོའི་ཡུལ་སྐོར་བས་འཛད་སྤྱོད་བྱེད་ཚད་བཞི་ཆ་གཅིག་ཙམ་ཟིན་ཡོད་ཅེས་བཤད།
            ཆའོ་པོས་བརྟག་དཔྱད་སྙན་ཞུ་གསར་ཤོས་ཤིག་ལུང་དྲངས་ནས་2016ལོ་ནས་2017ལོ་བར་གྱི་ནོར་སྲིད་ལོ་འཁོར་ནང་རྒྱལ་སྤྱིའི་ཡུལ་སྐོར་བས་ཨོ་སི་ཁྲུ་ལི་ཡར་འཛད་སྤྱོད་བྱེད་ཚད་ཨོ་སྒོར་དུང་ཕྱུར་406(ཧ་ལམ་ཨ་སྒོར་དུང་ཕྱུར་345ཙམ་ཡིན་པ)ཟིན་པ་ལས“ཀྲུང་ཨོའི་ཡུལ་སྐོར་ལོའི”སྐུལ་ཁྲིད་འོག་ཨོ་སི་ཁྲུ་ལི་ཡར་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་ཁྲི་120ཟིན་པ་དང་ཨོ་སི་ཁྲུ་ལི་ཡར་འཛད་སྤྱོད་བྱེད་ཚད་ཨོ་སྒོར་དུང་ཕྱུར་98(ཧ་ལམ་ཨ་སྒོར་དུང་ཕྱུར་75.8ཙམ་ཡིན་པ)ཟིན་པ་དེ་དེ་གོང་གི་ནོར་སྲིད་ལོ་འཁོར་དང་བསྡུར་ན་10%འཕར་འདུག་ཅེས་བཤད།
            ཆའོ་པོས་ཀྲུང་གོ་དེ་ཉིད་ད་བར་དུ་ཨོ་སི་ཁྲུ་ལི་ཡའི་ཡུལ་སྐོར་ཁྲོམ་ར་གལ་ཆེན་ཞིག་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡའི་འགྲུལ་ཁུངས་རྒྱལ་ཁབ་ཨང་དང་པོར་གྱུར་ཟིན་ཡོད། ཀྲུང་གོའི་ཡུལ་སྐོར་བས་ཨོ་སི་ཁྲུ་ལི་ཡར་འཛད་སྤྱོད་བྱེད་ཚད་ལོ་དྲུག་བསྟུད་མར་ཨང་དང་པོར་སླེབས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།