འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གཞི་རྒྱ་ཆེ་བའི་དམག་དོན་ནང་སྦྱོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་ནས་བཟུང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་བྱང་ཕྱོགས་ས་ཁུལ་དུ་དུས་ཡུན་ཉིན་10ཡི་དམག་དོན་ནང་སྦྱོང་བྱེད་འགོ་ཚུགས་པ་རེད། དམག་ཕྱོགས་ཀྱིས་ད་རེས་ཀྱི་དམག་དོན་ནང་སྦྱོང་གི་གཞི་ཁྱོན་དེ་ཉེ་བའི་ལོ་20རིང་གི་ཆེ་ཤོས་རེད་ཅེས་བཤད།
            《དབྱི་སི་རལ་གྱི་སྐབས་དོན་ཚགས་པར》ཐོག་དམག་ཕྱོགས་ཀྱི་གནས་ཚུལ་དྲངས་ནས་སྤེལ་བར། ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་གྱི་ཐོ་རེངས་ནས་བཟུང་དམག་དོན་ནང་སྦྱོང་བྱེད་འགོ་ཚུགས་པ་དང་ཚེས་14ཉིན་བར་བྱ་རྒྱུ་རེད། ཞིབ་ཕྲའི་ནང་སྦྱོང་བྱ་ཡུལ་དེ་དབྱི་སི་རལ་གྱི་བྱང་ཕྱོགས་དང་ལེ་པ་ནོན་གྱི་མཐའ་མཚམས་ཉེ་འཁོར་དུ་ཡོད་པ་དང་། དམག་དོན་ནང་སྦྱོང་ལ་ཞུགས་མཁན་དམག་མི་སྟོང་ཕྲག་འགའ་ཞིག་ཟིན་པ། བེད་སྤྱོད་བཏང་བའི་གོ་མཚོན་གྱི་གྲས་སུ་དམག་གྲུ་དང་། མི་མེད་གནམ་གྲུ དམག་འཐབ་གནམ་གྲུ ཐད་འཕུར་གནམ་གྲུ་སོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།