འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱིས་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་གསར་པ་བཏོན་ནས་ཐ་མག་ཕྲུག་ལྷག་ཕྱིར་
    བསྡུ་བྱས་ནས་ཤོག་བུ་བཟོ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་05ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པར་ཙིར་གྱི་གྲོང་ཁྱེར་མང་པོ་ཞིག་གི་ཁྲོམ་གཞུང་གཡས་གཡོན་དུ་ཨི་ཁུང་ཆུང་ངུ་ཡོད་པའི་ལྕགས་བཟོས་ཐ་མག་ཕྲུག་ལྷག་ཕྱིར་བསྡུ་སྒམ་ཆུང་ལྗང་ཁུ་མང་པོ་བཀལ་ཡོད་པར། ཐ་མག་འཐེན་ཚར་རྗེས་ཕྲུག་ལྷག་དེའི་ནང་དུ་དབྱུགས་ཆོག ཕྱིར་བསྡུས་པའི་ཐ་མག་ཕྲུག་ལྷག་ཚང་མ་བཟོ་གྲྭར་བསྐྱལ་ནས་བཅོས་སྒྲིག་བྱས་རྗེས་ཤོག་བུ་བཟོ་གི་ཡོད་པ་རེད། འདི་ནི་པ་ཞི་ལི་ཡ་སློབ་ཆེན་གྱིས་བཏོན་པའི་བེད་མེད་གཅེས་རྫས་སུ་འགྱུར་པའི་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་གསར་པ་ཞིག་ཡིན་ལ་རྒྱལ་ཡོངས་སུ་རིམ་བཞིན་ཁྱབ་སྤེལ་གཏོང་བཞིན་ཡོད་པ་རེད། མིག་སྔར་པ་ཞི་ལི་ཡ་དང་། ཧྲེང་པའོ་ལུའོ། ཁན་ཕི་ནཱ་སི་སོགས་པར་ཙིར་གྱི་གྲོང་ཁྱེར་མང་པོ་ཞིག་ཏུ་ཐ་མག་ཕྲུག་ལྷག་ཕྱིར་བསྡུ་སྒམ་ཆུང་བཞག་ཡོད་པ་རེད། ཐ་མག་ཕྲུག་ལྷག་ལས་གཞན་ད་དུང་པར་ཙིར་ཀྲུང་དབྱང་དངུལ་ཁང་གིས་ཁྲོམ་རའི་ནང་འགྲོ་རྒྱུག་བྱ་རྒྱུ་ཕྱིར་འཐེན་བྱས་པའི་ཤོག་སྒོར་ཡང་ཤོག་བུ་བཟོ་བའི་རྒྱུ་ཆ་ཞིག་ཏུ་གྱུར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།