འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་མཚམས་སྒྲོལ་བའི་ཤོག་མེད་ཚོང་དོན་
    གྱི་སྟབས་བདེ་ཅན་གྱི་སྒྲོམ་གཞིའི་ཆོད་ཡིག་》ལ་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་05ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་29ཉིན་ཐེ་ལེན་དུ་བཅའ་སྡོད་ཀྲུང་གོའི་གསར་དུ་བསྐོས་པའི་གཞུང་ཚབ་ཆེ་མོ་བ་ལུའེ་ཅན་གྱིས་བྷང་ག་ལ་དང་ཁམ་ཕུ་ཁྲེའི་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་པུའུ་ཀྲང་དང་མཉམ་དུ་པང་ཁོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ལྟེ་གནས་སུ་《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་མཚམས་སྒྲོལ་བའི་ཤོག་མེད་ཚོང་དོན་གྱི་སྟབས་བདེ་ཅན་གྱི་སྒྲོམ་གཞིའི་ཆོད་ཡིག་》(གཤམ་དུ་《ཆོད་ཡིག་》ཞེས་བསྡུ་རྒྱུ)ལ་མིང་རྟགས་བཀོད་དེ་ཚོང་དོན་གྲངས་གཞིའི་ཡིག་ཆ་བརྗེ་རེས་བྱེད་པའི་ལས་དོན་དྲ་ཐོག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་ཚོང་དོན་གྱི་ཕན་འབྲས་དང་ཁ་གསལ་ཡོང་ཚད་ཆེ་རུ་གཏོང་རྒྱུའི་རེ་བ་བཏོན་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ལྷན་གྱི་ལག་བསྟར་དྲུང་ཆེ་ཨ་ཧོ་ཐེར་དང་ཐེ་ལན་དང་། ཕ་ཁི་སི་ཐན། མོང་གོལ་རྒྱལ་ཁབ་ཧན་གོ་བཅས་ཀྱི་འཐུས་མིས་ཉིན་དེའི་མིང་རྟགས་འགོད་པའི་མཛད་སྒོར་དཔང་པོ་བྱས་པ་དང་འབྲེལ་《ཆོད་ཡིག་》ལ་རྒྱབ་སྐྱོར་བྱ་རྒྱུའི་རྣམ་འགྱུར་ཡང་བསྟན་པ་རེད།
         《ཆོད་ཡིག་》དེ་2016ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ལྷན་གྱི་སྐབས་72པའི་ལོ་ཚོགས་ཐོག་དངོས་སུ་གྲོས་འཆམ་བྱུང་བ་དང་ལོ་འདིའི་ཟླ་10པར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ལྷན་གྱི་ཁོངས་མིས་མིང་རྟགས་བཀོད་ཡོད། ཁ་ཆད་གཞིར་བཟུང་《ཆོད་ཡིག་》དེ་ཉུང་མཐར་ཡང་རྒྱལ་ཁབ་5ཞུགས་རྗེས་གཞི་ནས་གོ་ཆོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།