འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།འབོ་གསེར་རྒྱལ་ཁབ་ཀྱིས་འཛམ་གླིང་གི་ཚན་རྩལ་གསར་གཏོད་ལ་ལེགས་སྐྱེས་འབུལ་ཚད་
    རིམ་བཞིན་ཆེ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་05ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན། ཀྲུང་གོ་ཚན་རིག་ལག་རྩལ་སྤེལ་རེས་ལྟེ་གནས་ཀྱིས་སྣེ་འཁྲིད་དེ་རྩོམ་སྒྲིག་བྱས་པའི་《འབོ་གསེར་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གསར་གཏོད་ཀྱི་འགྲན་རྩོད་ནུས་པའི་འཕེལ་རྒྱས་སྙན་ཞུ(2017)》ཞེས་པའི་རྒྱབ་ཤ་སེར་པོའི་དེབ་པེ་ཅིང་དུ་ཡོངས་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་མངོན་དོན། འབོ་གསེར་རྒྱལ་ཁབ་ཀྱིས་འཛམ་གླིང་གི་ཚན་རྩལ་གསར་གཏོད་ལ་ལེགས་སྐྱེས་འབུལ་ཚད་རིམ་བཞིན་ཆེ་རུ་ཕྱིན་པ་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ཏེ་གནས་ཡུལ་ས་ཁུལ་གྱི་ཚད་ཤིང་དང“སྣེ་ཁྲིད་མཁན”དུ་གྱུར་ནས་མཐའ་འཁོར་རྒྱལ་ཁབ་ཀྱི་ཚན་རྩལ་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་རེད།
         ཀྲུང་གོ་ཚན་རིག་ལག་རྩལ་སྤེལ་རེས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཤིན་ལིས་ངོ་སྤྲོད་བྱས་དོན། སྙན་ཞུ་དེས་དུས་གོང་དུ་སྤེལ་བའི་G20ཡི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གསར་གཏོད་འགྲན་རྩོད་ནུས་པར་གདེང་འཇོག་དང་སྔོན་དཔག་བྱས་པའི་རྨང་གཞིའི་ཐོག འབོ་གསེར་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གསར་གཏོད་ཀྱི་འགྲན་རྩོད་ནུས་པར་ཚད་ལེན་ཞིབ་རྩིས་བྱས་པ་དང་། འབྱུང་འགྱུར་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཆུ་ཚད་སྔོན་དཔག་བྱས་པ། ཀྲུང་གོ་དང་འབོ་གསེར་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་གནས་བབ་ཁ་གསལ་དུ་བཏང་བའི་ཁར། འབོ་གསེར་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་འཕེལ་རིམ་དང་དེ་བཞིན་གླེང་མང་བའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཆུ་ཚད་ལ་ཕྱོགས་སྡོམ་བྱས་པ་དང་དུས་མཚུངས། འབོ་གསེར་རྒྱལ་ཁབ་ཀྱི་ཚན་རྩལ་མཉམ་ལས་ནང་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་སྦྲགས། འབྲེལ་ཡོད་གྲོས་འགོའང་བཏོན་པ་རེད།
         ཞིབ་འཇུག་སྙན་ཞུ་ལས་མངོན་དོན། འབོ་གསེར་རྒྱལ་ཁབ་ཀྱི་ལོའི་ཞིབ་འཇུག་གསར་སྤེལ་ལ་མ་འཇོག་བྱེད་ཤུགས་དེ་གོ་ལ་ཧྲིལ་པོའི་17%བཟུང་བ་དང་། རྩེར་སོན་ལག་རྩལ་ཐོན་ལས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་6ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་28%ཙམ་བཟུང་ཡོད། ཚན་རྩལ་དུས་དེབ་ཐོག་དཔྱད་རྩོམ་ཁྲི་59སྤེལ་ནས་གོ་ལ་ཧྲིལ་པོའི་27%བཟུང་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་འཛམ་གླིང་གི་ཚན་རྩལ་གསར་གཏོད་ལ་ལེགས་སྐྱེས་འབུལ་ཚད་རིམ་བཞིན་ཆེ་རུ་ཕྱིན་པ་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ཏེ། གནས་ཡུལ་ས་ཁུལ་གྱི་ཚད་ཤིང་དང“སྣེ་ཁྲིད་མཁན”དུ་གྱུར་ནས། མཐའ་འཁོར་རྒྱལ་ཁབ་ཀྱི་ཚན་རྩལ་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་རེད།
         འབྲས་བུ་ལས་མངོན་དོན། 2016ལོའི་འབོ་གསེར་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གསར་གཏོད་ཀྱི་འགྲན་རྩོད་ནུས་པའི་མིང་རིམ་ནི་ཀྲུང་གོ་དང་། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཁ། པར་ཙིར། རྒྱ་གར་བཅས་རེད། 2001ལོ་ནས་2016ལོ་བར་འབོ་གསེར་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གསར་གཏོད་ཀྱི་འགྲན་རྩོད་ནུས་པ་སྤྱིའི་ཆ་ནས་འཕར་བའི་རྣམ་པ་མངོན་པ་དང་ཀྲུང་གོ་དང་ཨུ་རུ་སུའི་འཕར་ཚད་ཅུང་མགྱོགས་པ་དང་། རྒྱ་གར་གྱི་འཕར་ཚད་འབྲིང་ཙམ། པར་ཙིར་དང་ལྷོ་ཨ་ཧྥེ་རི་ཁའི་འཕར་ཚད་ཅུང་འགོར་བ་བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།