འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཀྱིས་སྙིང་སྟོབས་ཆེར་བསྐྱེད་དང་ཡིད་ཆེས་ཀྱིས་ཁེངས་བཞིན་
    དུ་གཡུར་དུ་ཟ་བའི་གྲུབ་འབྲས་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་04ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཚོགས་ཆེན་བཅུ་དགུ་པ་འཚོག་ཉེའི་སྐབས་དང་ལོ་ལྔའི་གྲུབ་འབྲས་ངོམ་སྟོན་བྱེད་པའི་སྐབས་སུ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་དགའ་སྤྲོའི་རྣམ་པས་ཁེངས་པ་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་ལས། འབྱུང་འགྱུར་གྱི་འཚོ་བར་ཡིད་སྨོན་ཆེན་པོ་བྱེད་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་ལ་སྔར་བས་རེ་སྒུག་བྱེད་པའི་བློ་ཁ་འཕེལ་ཞིང་། རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཚོས་ཕུགས་བསམ་སྒུལ་ཤུགས་སུ་བསྒྱུར་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།
          ལོ་ལྔར་ཕྱིར་མིག་ལྟ་སྐབས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད།
          “ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོའི་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ཕྱོགས་གང་ས་ཅི་ཐད་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད”ཨན་ཧུའེ་ཧོ་ཕེ་གྲོང་ཁྱེར་པའོ་ཧོ་ཆུས་དབན་ཉན་པུའུ་སྲང་ལམ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཞུས་ཁྲུན་ཡུས་ཀྱིས་གྲོང་མི་ཚང་མས་བདེ་སྐྱིད་ཀྱི་འཚོ་བར་རོལ་བ་མཐོང་སྐབས། སྤོབས་སེམས་དང་བློ་ཡིད་ཚིམ་ཚད་རང་ཤུགས་སུ་སྐྱེ་གི་འདུག་ཅེས་སྤོབས་སེམས་ཆེན་པོས་བཤད། “འདས་ཟིན་པའི་ལོ་འགའ་ཞིག་ནང་ང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་པ་དང་ཐོན་ལས་དམ་འཛིན་བྱེད་སར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་གཞི་ཞིབ་འཇུག་བྱས་ཏེ་བཟོས་པས། མཉམ་ལས་ཁང་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པ་མ་ཟད། འབྲས་ཤིང་ཡང་གཞི་ཁྱོན་རགས་ཙམ་ཆགས་ནས་མང་ཚོགས་ལ་ཡོང་ཁུངས་བརྟན་པོ་ཞིག་རྙེད་ཡོད”ཧྲན་ཤིས་ཞིང་ཆེན་ཀྲུང་ཡང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཆའོ་ཞའོ་ཧྥུང་གིས་ཐོན་ལས་ནས“འབྲས་བུ་སྨིན་པ”དང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་མཐོང་སྐབས་བློ་ཡིད་ཚིམ་པོ་བྱུང་ཞེས་བཤད།
          ཀྲེ་ཅང་ཁྲུན་ཨན་རྫོང་ཧྥུང་ཧྲུའུ་ལིན་གྲོང་རྡལ་ཤ་ཅང་གྲོང་ཚོར་སྔོན་ཆད་ཀྱི་སོ་ཕག་ཁང་པ་དང་། ཟ་འབྲུ་ཁ་ཐང་བ། མནའ་མར་ཡོང་མཁན་མེད་པ་ནས་ད་ལྟའི“ཞིང་པའི་སྤྲོ་སྐྱིད་ཁང་དང་། ཁྱིམ་ཚང་མགྲོན་ཁང་ལ་ཡོང་འབབ་མང་བ། ཡུལ་སྐོར་བྱེད་མཁན་ནམ་མཁའི་སྐར་མ་བཞིན་མང་བའི”རྣམ་པ་མཐོང་སྐབས་གྲོང་ཚོའི་ལས་བྱེད་པ་ཐང་ཡན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཤ་ཅང་གྲོང་ཚོ་འདི་ཉིད་སྔར་བས་འཕེལ་རྒྱས་སོང་ནས་མུ་མཐུད་དབུལ་སྒྲོལ་ཕྱུག་འགྱུར་གྱི་རུ་སྣེ་ཁྲིད་མཁན་དུ་འགྱུར་རྒྱུ་ཡིན་པ་ངར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།
          “ཁང་པ་གསར་པའི་ནང་སྤོས་པ་དང་། འཚོ་བ་སྐྱིད་པོ་སྐྱེལ་བ། གོམས་གཤིས་བཟང་པོ་འཇགས་པ། དར་སྲོལ་ཡག་པོ་ཆགས་པ”བཅས་ཀྱི་གྲོང་ཚོ་འཛུགས་སྐྲུན་ལས་སི་ཁྲོན་ལུའོ་ཅང་རྫོང་ཡན་ཅ་གྲོང་རྡལ་ཤིང་ཀོང་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡར་ངོའི་ཟླ་ལྟར་འཕེལ་བ་དང་གྲོང་ཚོ་ཡོངས་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ཡོད། “ཚང་མས་ཚོགས་ཆེན་བཅུ་དགུ་པ་ཚུགས་པའི་ཉིན་དེར་གསར་དུ་བསྐྲུན་པའི་རིག་གནས་ཁང་ནང་མཉམ་དུ་འགོ་ཚུགས་མཛད་སྒོ་བལྟས་ནས་དུས་ཐོག་ཏུ་ཏང་གི་གསུང་སྒྲ་སྙན་པོ་ཉན་རྒྱུ་ཡིན”ཞེས་ལུའོ་ཅང་རྫོང་ཡན་ཅ་གྲོང་རྡལ་ཤིན་ཀོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲོའུ་ཧྭ་ཡིས་བཤད།
          མི་དམངས་ལ་རེ་བ་ཡོད་པ་དང་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བ།
          “རི་ཁུལ་དབུལ་པོའི་ལས་བྱེད་པ་དང་མི་སེར་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཧུའུ་པེ་ཐུང་ཧྲན་རྫོང་ཁྲོང་ཝང་གྲོང་རྡལ་གྱི་ཀྲེན་ཀྲང་ལི་ཞོད་མའེ་ཡིས་ཏང་གི་སྲིད་ཇུས་བཟང་པོས་ས་ཁུལ་དབུལ་པོའི་མང་ཚོགས་འབྱོར་འབྲིང་གི་ལམ་དུ་འཁྲིད་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དམངས་འཚོ་ལེགས་གཏོང་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་སྲིད་ཇུས་ཀྱི་འདེགས་སྐྱོར་དེ་བས་མང་པ་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཐོབ་སེམས་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་ཅིང་། ཁོང་གིས་ཧོ་པེ་ཤིང་ཐའེ་གྲོང་ཁྱེར་ནེ་ཆིའུ་རྫོང་གང་ཏི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡང་ཧྲོང་ཉིའུ་ཡིས་རེ་སྒུག་ཆེན་པོ་བྱེད་པའི་ཚོགས་འདུ་འཚོག་ཉེར་ཡོད་པས། ཚོགས་ཆེན་བཅུ་དགུ་པས་གྲོང་གསེབ་མི་སེར་གྱི་འདུན་པ་དང་མཐུན་པའི་ཞིང་ཕན་ཞིང་དར་ཞིང་ཕྱུག་གི་སྲིད་ཇུས་སྔར་བས་མང་པོ་མུ་མཐུད་འདོན་རྒྱུའི་རེ་བ་ཡོད་ཅེས་བཤད།
          “སྡོད་ས་བྱང་མཐར་གནས་ཀྱང་སེམས་པ་ཏང་ཀྲུང་དབྱང་ལ་ཕྱོགས”ཧེ་ལུང་ཅང་མོ་ཧོ་རྫོང་བྱང་སྣེ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ལི་ཞོད་མིང་གིས་བྱང་སྣེ་གྲོང་རྡལ་གྱིས་རང་སོ་སོའི་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ“ཀྲུང་གོའི་བྱང་མཐའི་གྲོང་ཚོ་དང་པོ”སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་མང་ཚོགས་སྔར་བས་མང་པོའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་འགྱུར་རྒྱུ་མ་ཟད། འཚོ་བའང་ཉིན་བཞིན་ཡག་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།
          ལོ་25ཡི་རིང་ལེའང་ཙེ་མཚེའུའི་སྣོད་བཅུད་སྲུང་སྐྱོང་བྱེད་མཁན་ཝུའུ་ཧན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡུས་ཏན་གྱིས་རེ་སྒུག་ཡུན་རིང་བྱེད་པའི་ཚོགས་ཆེན་བཅུ་དགུ་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ལམ་ལུགས་ཡག་པོ་ཇུས་འགོད་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྔར་བས་ཡག་པོ་སྤེལ་རྒྱུར་སྐུལ་འདེད་བཏང་ཐོག་མི་དང་རང་བྱུང་ཁམས་ཕན་ཚུན་ཞི་མཐུན་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
           ཧྲན་ཤིས་ལྷོ་བྱང་ཧུའེ་ཐུང་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིའི་ཅིང་ལི་ཀྲང་ཀྲེ་ཁྲའོ་ཡིས“དྲ་སྦྲེལ་ལས་རིགས་འདི་ཉིད་ཀྲུང་གོར་འཕེལ་རྒྱས་མྱུར་པོ་ཕྱིན་པས་ང་ཚོ་ལས་གཏོད་བྱེད་མཁན་ཚོས་རེ་བ་གསར་པ་མཐོང་བྱུང”ཅེས་བཤད་ཅིང་། ཁོང་གིས་དྲ་སྦྲེལ་ལས་རིགས་དེ་ནི་གསར་དར་ལས་རིགས་ཤིག་ཡིན་ལ། བསམ་ཕྱོགས་གསར་པ་དང་སྲོལ་རྒྱུན་གྱི་བསམ་བློ་གཉིས་ཟུང་འབྲེལ་བྱེད་པ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་རྗེས་དྲ་སྦྲེལ་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ནས་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཆ་ཚང་དོན་ཐོག་ཏུ་འཁྱོལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།
           བཅོས་མིན་གྱི་ཁས་ལེན་དེ་བྱ་སྤྱོད་ལ་འགྱུར་ནས་ལེའུ་གསར་པ་བརྩམས་པ།
          “ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་ཆེད་སན་ཅང་རྫོང་གིས་ནུས་ཤུགས་ཡོད་རྒུས་གནད་སྨིན་དབུལ་སྐྱོར་གྱི་དམངས་འཚོའི་འདུ་འགོད་ཆེན་པོ་དེར་དམ་འཛིན་ཡག་པོ་བྱེད་དགོས། ང་ཚོས་ཇ་ལོ་དང་། ཇ་སྣུམ། ནགས་ཤིང་། ཆུ་འབྲས་ཉ་གསོ། ཉ་གསོ་ཆུ་འབྲས་བཅས་རྫོང་ཡོངས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཁྱད་ལྡན་ཐོན་ལས་ཆེན་པོ་ལྔར་བརྩིས་ཏེ་རྫོང་ཡོངས་ཀྱི་དབུལ་པོའི་ཞྭ་མོ་འབུད་དགོས”ཞེས་ཀོང་ཤིས་སན་ཅང་ཏུང་རིགས་རང་སྐྱོང་རྫོང་གི་རྫོང་ཨུད་ཧྲུའུ་ཅི་ཡོན་ཏུང་ཧྲེང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བརྗོད།
          རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་སྲོག་ཤིང་ཁུལ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི“སྐར་ཁུང”ཡིན་པའི་ཀོང་ཀྲོའུ་གཡོད་ཤོའུ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཝང་ཧོན་ཆིང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཡོད་པའི་ཏང་གི་སྤྱི་ཁྱབ་བཀོད་འདོམས་པ་ཡག་པོ་ཞིག་བྱས་ཏེ་མི་དམངས་ལྟེ་བར་བྱེད་པའི་ཁར་ཚད་གཞི་ཅན་དང་། ཞིབ་ཚགས་ཅན། སྤུས་དག་ཅན་བཅས་ཀྱི་གྲོང་ཁྱེར་དོ་དམ་གཞིར་བཟུང“སྤུས་དག་གི་གྲོང་ཁྱེར་གྱི་དཔེ་སྟོན་ཁུལ”ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བརྗོད།
          ཡུན་ནན་ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་རྒྱུན་ཨུ། ཀྲོའུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཧེ་ཡུང་གིས“ཏང་གི་གཟི་སྦྱིན་མཐའ་མཚམས་སུ་འཕྲོ་ཐུབ་པ་དང་མཐའ་མཚམས་ཀྱི་གྲོང་མིའི་བློ་ཁ་ཏང་ལ་ཕྱོགས་པའི”སྤྱི་ཚོགས་ཀྱི་སྣང་ཚུལ་ཧུར་ཐག་གཏོད་དགོས་ཞེས་བརྗོད་ཅིང་། ཁོང་གིས“ང་ཚོས་ཏང་ནང་ཁུལ་གྱི་ཆབ་སྲིད་སྣོད་བཅུད་ཀྱི‘སྲུང་སྐྱོང་པ’ཡག་པོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི‘སྐུལ་སྤེལ་ཡོ་བྱད’ཡག་པོ་བྱས་ནས་མཐའ་མཚམས་ཀྱི་མི་རིགས་ཁག་གི་མང་ཚོགས་སྤྱོད་བཟང་རུལ་རྒོལ་གྱི་ཐོབ་ཚོར་སྔར་བས་ཆེ་རུ་གཏོང་དགོས”ཞེས་བརྗོད།
          ཀྲུང་གུང་ཅི་ནན་གྲོང་ཁྱེར་ཧྲེ་ཀྲུང་ཆུས་ཨུད་ཀྱི་ཧྲུའུ་ཅི་སུང་ཡུང་ཞང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་སླད་ཕྱིན་གྱི་ཏང་དང་རྒྱལ་ཁབ་ཀྱི་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་། འབད་འཐབ་དམིགས་ཚད། བྱ་སྤྱོད་རྩ་གནད་བཅས་གཏན་འཁེལ་ཁ་གསལ་བྱ་རྒྱུ་དེས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ལ་དོན་སྙིང་གལ་ཆེན་ལྡན་ཡོད། “ངས་སེམས་ནུས་ཡོད་རྒུ་བཏོན་ཏེ‘ཏང་ཨུད་དང་སྲིད་གཞུང་གིས་སྒྲུབ་འདོད་པ’དང‘མང་ཚོགས་ཀྱི་དགོས་མཁོ’གཅིག་གྱུར་ཡོང་བ་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་ཐོབ་ཚོར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།