འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པའི་སྤྱི་ཁྱབ་པུའི་ཐོག་ཁང་སྐྲུན་འགོ་ཚུགས་པ།

    2021ལོའི་ཟླ་9པའི་གོང་ལ་ཨར་སྐྲུན་ལེགས་འགྲུབ་ཟིན་ནས་བེད་སྤྱོད་བྱ་རྒྱུར་རྩིས་སྤྲོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་04ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་གྱི་སྔ་དྲོ་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པའི་སྤྱི་ཁྱབ་པུའི་ཐོག་ཁང་ཧྲང་ཧའེ་ཕུའུ་ཏུང་འཛམ་གླིང་དངོས་མང་སྟོན་ཚོགས་གླིང་དུ་རྩིག་རྨང་འདིང་འགོ་བརྩམས་པ་དང་ནོར་སྲིད་པུའི་པུའུ་ཀྲང་ཤའོ་ཅེ་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་དབྱིང་ཡུང་། གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ཁ་མ་ཐེ་སོགས་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་འབོ་གསེར་རྒྱལ་ཁབ་ཀྱི་འཐུས་མི་དང་ལྷན་དུ་ཐོག་ཁང་སྐྲུན་འགོ་བཙུགས་ཡོད། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁྲི་ལག་བསྟར་བྱ་རྒྱུ་དེ་གསར་སྤེལ་དངུལ་ཁང་གསར་པའི་སྤྱི་ཁྱབ་པུའུ་གནས་ཡུལ་གྲོང་ཁྱེར་གྱི་འོས་འགན་དང་འགན་འཁྲི་ཡིན་པ་དང་འགོ་འཛུགས་ས་མཐོ་པོ་དང་། ཆུ་ཚད་མཐོ་པོ། སྤུས་ཚད་མཐོ་པོ་བཅས་ཀྱི་སྒོ་ནས་སྤྱི་ཁྱབ་པུའི་ཐོག་ཁང་བསྐྲུན་ཏེ་2021ལོའི་ཟླ་9པའི་གོང་ལ་ཨར་སྐྲུན་ལེགས་འགྲུབ་ཟིན་ནས་བེད་སྤྱོད་བྱ་རྒྱུར་རྩིས་སྤྲོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
             ཤའོ་ཅེས་ཤིས་ཚིག་གསུངས་སྐབས་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་གསར་སྤེལ་དངུལ་ཁང་གསར་པ་གྲབས་འཛུགས་དང་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་དང་ཐུགས་ཁུར་གནང་གི་ཡོད། རེ་བར་གསར་སྤེལ་དངུལ་ཁང་གསར་པས་འདས་ཟིན་པའི་ལོ་གཉིས་རིང་གི་གྲུབ་འབྲས་ཐོབ་པའི་རྨང་གཞིའི་ཐོག་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་པ་དང་ལས་སྒོའི་དཔེ་དབྱིབས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་འཛད་སྤྱོད་པར་དེ་བས་སྤུས་ལེགས་དང་ནུས་ཆེའི་ཞབས་ཞུ་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།