འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་
    ནས་ཡིག་སྒྱུར་སྐོར་གྱི་སློབ་དེབ་དང་དྲ་ཐོག་སློབ་ཚན་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་
ནས་ཡིག་སྒྱུར་སྐོར་གྱི་སློབ་དེབ་དང་དྲ་ཐོག་སློབ་ཚན་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ།
         བོད་རང་སྐྱོང་ལྗོངས་སུ་ཧ་ལམ་མི་འབོར་ཁྲི་312ཡོད་པ་དང་། དེའི་ཁྲོད་དུ་91.5%ཡན་ནི་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་ཡིན་ཞིང་། རྒྱ་སྐད་དང་བོད་སྐད་ནི་མི་རིགས་ཁག་བར་སྤེལ་རེས་དང་འགྲོ་འོང་། འབྲེལ་འདྲིས་བཅས་བྱེད་པའི་ལག་ཆ་གལ་ཆེན་ཞིག་རེད།
         ནོར་བུས་ཕྱིན་ཆད“ཕྱིར་གཏོང་བ་དང་གདན་འདྲེན་ཞུ་བའི”བྱ་ཐབས་ལ་བརྟེན་ནས་བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཡིན་པ་དང་། ལོ་རེར་མི་སྣ་ཁག་གཉིས་སྒྲིག་འཛུགས་བྱས་ནས་ནུབ་བྱང་མི་རིགས་སློབ་ཆེན་དུ་ཟབ་སྦྱོང་བྱེད་པར་གཏོང་རྒྱུ་ཡིན་པ་དང་། དུས་མཚུངས་སུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་སློབ་གདན་འདྲེན་ཞུས་ནས་ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་སློབ་ཁྲིད་སྤེལ་རེས་བྱ་རྒྱུ་ཡིན་ཞིང་། ལྗོངས་ནང་ཁོངས་སུ་ཐེངས་གཉིས་དང་ལྗོངས་ཕྱི་རོལ་ཏུ་ཐེངས་གཉིས་སྤེལ་བར་འབད་བརྩོན་རྒྱུ་ཡིན་ཞེས་བཤད་པ་རེད།
         ནུབ་བྱང་མི་རིགས་སློབ་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སློབ་གཙོ་གཞོན་པ་ཡུས་སུའུ་ཕུ་ཅང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2015ལོ་དང་2016ལོ་ལོ་གཉིས་བསྟུད་མར་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱས་ནས་བོད་ལྗོངས་ལ་བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱ་ཤེས་ལྡན་མི་སྣ་120ལྷག་གསོ་སྐྱོང་བྱས་ཡོད་ཅེས་བཤད་པ་དང་། ཁོང་གིས་བོད་ལྗོངས་གསོ་སྦྱོང་ལྟེ་གནས་དེ་ཉིད་བོད་ལྗོངས་ཡོངས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཐག་ཏུ་གྱུར་ནས་ས་ཁུལ་བར་སྤེལ་རེས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་པའི་རེ་བ་ཡོད་པ་བཏོན།
         ཚོགས་འདུའི་ཐོག་ནུབ་བྱང་མི་རིགས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་(སྒྲིག་སྒྱུར་ཅུས་)གིས་《ནུབ་བྱང་མི་རིགས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(སྒྲིག་སྒྱུར་ཅུས་)བར་གྱི"ལོ་ལྔ་ཚན་བཅུ་གསུམ་པའི"རིང་(2017ལོ་ནས་2020ལོའི་བར་)བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ལོ་ཙཱ་ཤེས་ལྔན་མི་སྣ་གསོ་སྐྱོང་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་》བཞག་པ་རེད།
    【1】  【2】
    ༄༅།།བོད་ལྗོངས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་
ནས་ཡིག་སྒྱུར་སྐོར་གྱི་སློབ་དེབ་དང་དྲ་ཐོག་སློབ་ཚན་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།