འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།གསེར་ཐར་རྫོང་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ་བསྡུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 16:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གསེར་ཐར་རྫོང་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ་བསྡུས་པ།
             མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་ཐར་རྫོང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ་བསྡུས་ལ། རྫོང་ཨུ་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཝང་ཏུང་ཧྲིན་གྱིས་ཚོགས་འདུ་ཐོག་བསྟན་དོན། གཅིག བདེ་ཐང་གི་ལུས་པོ་ལ་ལྷད་མེད་ཀྱི་ཁོར་ཡུག་ཅིག་དགོས་ཤིང་། སྔོ་བསངས་ཀྱི་ནམ་མཁའ་དང་དྭངས་གཙང་གི་མཁའ་དབུགས། ལྗང་མདོག་གི་ས་གཞི་བཅས་ནི་མིའི་རིགས་ཀྱི་བདེ་ཐང་གི་གཞི་མ་ཡིན། གཉིས། ང་ཚོས་ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱིས་བཏོན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་འདུན་ལྟར་ལག་བསྟར་ནན་མོ་བྱ་དགོས་ལ། ལས་གཞིའི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གྱིས་ཁོར་ཡུག་འབགས་བསླད་དུ་གཏོང་མི་རུང་། གསུམ། ལས་བྱེད་སོ་སོའི་ཕྲག་ཐོག་ཏུ་ལས་དོན་གྱི་འགན་འཁྲི་བཞག་སྟེ། ཁོར་ཡུག་གི་གནད་དོན་དུས་ཐོག་ཏུ་ལེགས་བཅོས་བྱ་དགོས། ཡུལ་ཚོ་སོ་སོས་རང་རང་གི་མངའ་ཁོངས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་ཤིང་། ཁྱད་པར་དུ་ཁོར་ཡུག་ལ་འབགས་བསླད་ཐེབས་པའི་ཡུལ་ཚོ་རེ་འགའི་ཁོར་ཡུག་གི་གནད་དོན་མྱུར་དུ་ལེགས་བཅོས་བྱ་དགོས། བཞི། སྐད་འཕྲིན་དང་ལག་དེབ། ཚགས་པར་སོགས་ཀྱི་ངོས་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་བྱས་ཏེ། མང་ཚོགས་དང་ལས་བྱེད་པ་ཀུན་གྱིས་ལྷད་མེད་ཀྱི་ཁོར་ཡུག་ཅིག་བསྐྲུན་པར་འབད་དགོས།
             ཚོགས་འདུར་གསེར་ཐར་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དཔལ་འཁོར། རྫོང་དྲག་ཆས་པུའུ་ཡི་པུའུ་ཀྲང་ལོ་ཡེ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཆོས་སེང་དང་ནོར་བུ། བསོད་ནམས་ཚེ་རིང་། རྫོང་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་རཱན་ཤེལ་མེས་སོགས་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཛིན། ཡུལ་ཚོ་བཅུ་བདུན་གྱི་ཧྲུའུ་ཅི་དང་ཤང་ཀྲང་བཅས་ཞུགས་ཡོད་པ་རེད། གསེར་ཐར་རྫོང་མི་དམངས་སྲིད་གཞུང་རྒྱ་བོད་ཡིག་སྒྱུར་ཁང་གི་ཚུལ་ཁྲིམས་བློ་གྲོས་ནས།
      

    ཕྱོགས་བསྡུས་གསར་འགྱུར།