འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།"ཚོགས་སྒྲིག་རྣམ་པའི"སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་གྱིས་གཞིས་རྩེའི་སློབ་ཁྲིད་སྤུས་
    ཚད་མཐོ་རུ་སོང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།'ཚོགས་སྒྲིག་རྣམ་པའི'སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་གྱིས་གཞིས་རྩེའི་སློབ་ཁྲིད་སྤུས་
ཚད་མཐོ་རུ་སོང་བ།
          མི་དམངས་དྲ་བའི་འཕྲིན། 2016ལོ་ནས་བཟུང་སློབ་གསོ་པུའུ་སོགས་པུའུ་ཨུད་བཞིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི་《"ཚོགས་སྒྲིག་རྣམ་པའི"སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་ཀའི་ལག་བསྟར་ཇུས་གཞི་》གཞིར་བཟུང་། ཧྲང་ཧའེ་གྲོང་ཁྱེར་དང་། ཧྲན་ཏུང་ཞིང་ཆེན། ཅི་ལིན་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན་བཅས་ནས་བདམས་པའི"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་སློབ་གསོའི་ཤེས་ལྡན་མི་སྣ་170བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་དང་། གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ། གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དམའ་འབྲིང་གཉིས་པ་བཅས་ལ་ཁ་གཏད་རོགས་སྐྱོར་བྱེད་པར་མངགས་ཡོད། བོད་སྐྱོར་སློབ་གསོའི་ཤེས་ལྡན་མི་སྣས་སློབ་ཁྲིད་ལས་འགན་འཁུར་བ་ཕུད་ད་དུང་ཆེད་ལས་ཀྱི་ལེགས་ཆ་བཏོན་ཏེ་སློབ་ཁྲིད་ཞིབ་འཇུག་དང་། གསོ་སྦྱོང་། སློབ་ཁྲིད་སྒྱུར་བཅོས་སོགས་ཀྱི་ལས་ཀར་མཛུབ་ཁྲིད་བྱས་པས། གཞིས་རྩེ་གྲོང་ཁྱེར་གྱི་སློབ་གཉེར་ཆུ་ཚད་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཞིང་། འདི་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ཅི་པེ་སློབ་འབྲིང་གི་རྫས་འགྱུར་དགེ་རྒན་ཚའོ་ཆིང་ཧྲེང་(དཀྱིལ)གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་ལོ་རིམ་གསུམ་པའི་སློབ་མར་རྫས་འགྱུར་བཞུས་ཁུ་སྡེབ་བཟོ་བྱེད་སྟངས་སློབ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།