འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།གནམ་མཚོའི་རྐང་ཐང་ཚོགས་ཆེན་སྐབས་བཅུ་གཅིག་པ་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་25ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཆར་པ་བབས་རྗེས་ཀྱི་གནམ་མཚོ་ནི་མཚོ་ངོས་དང་ནམ་མཁའི་བར་དུ་གངས་རི་མཆིས་ཤིང་། སྔོ་ཐིང་ངེར་མིག་ལ་འཚེར། ཚེས་23ཉིན། 2017ལོའི་ལྷ་སའི་ཞོ་སྟོན་གྱི་གནམ་མཚོའི་རྐང་ཐང་ཚོགས་ཆེན་སྐབས་བཅུ་གཅིག་པ་ནི་གནམ་མཚོའི་འགྲམ་དུ་འཚོགས་ཤིང་།  རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་རུ་མི་62ཀྱིས་ཆུ་ཚོད་3ལྷག་ལ་རྐང་ཐང་བསྐྱོད་པ་དང་། ཚང་མ་མཐའ་མའི་ས་ཚིགས་སུ་སླེབས་པ་རེད། 
         གནམ་མཚོ་ནི་བོད་རང་སྐྱོང་ལྗོངས་ཀྱི་དབུས་རྒྱུད་དུ་གནས་ཤིང་། བོད་ལྗོངས་ཀྱི་མཚོ་ཆེན་ཨང་གཉིས་པ་ཡིན་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4718ཡོད་ལ། མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1920ཡོད་པ་རེད། རྐང་ཐང་ཚོགས་ཆེན་ནི"གནམ་མཚོ་ཕྱུག་མོ། སྤྱི་ཕན་ཁོར་ཡུག་སྲུང་སྐྱོང"ཞེས་པ་བརྗོད་གཞི་གཙོ་བོར་བྱས་ཤིང་། ཁོར་ཡུག་སྲུང་སྐྱོང་ངང་རྐང་ཐང་གནམ་མཚོ་རུ་སྐྱོད་པ་དང་ཞོ་སྟོན་མྱོང་རོལ་གཏིང་ཟབ་པོ་བྱེད་པ་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ་རྐང་ཐང་བགྲོད་པའི་གོ་རིམ་ཁྲོད་དུ་རུ་མི་ཚོས་རང་རྟོགས་ཀྱིས་རང་ལས་བྱུང་བ་དང་མི་གཞན་ལས་ལུས་པའི་གད་སྙིགས་སྒྲུག་པ་དར་སྤེལ་གཏོང་བ་དང་། ཁོང་ཚོར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐུན་མོང་དུ་བོད་ལྗོངས་ས་གཙང་འདི་ཉིད་སྲུང་སྐྱོང་བྱ་དགོས་པའི་འབོད་སྐུལ་བྱས་པ་རེད།
         རྐང་ཐང་སྐྱོད་པའི་རུ་མི་ཚོ་ནི་ཚེས་20ཉིན་ལྷ་ས་རུ་འབྱོར་བ་དང་། ཁོང་ཚོས་གོས་སྐུ་བཤམས་པ་དང་ལྷ་མོའི་འཁྲབ་སྟོན་སོགས་ཞོ་སྟོན་གྱི་བྱེད་སྒོ་རབ་དང་རིམ་པ་མྱོང་རོལ་བྱས་རྗེས། ཚེས་22ཉིན་གནམ་མཚོར་བསྐྱོད་པ་རེད། རྐང་ཐང་དུ་སྐྱོད་པའི་ལམ་བར་དུ་ངལ་གསོ་བྱེད་ས་2ཡོད་ཅིང་། གཙོ་གཉེར་ཕྱོགས་ཀྱིས་ཆེད་མངགས་ས་གནས་དེ་གའི་འབྲོག་པ་གདན་འདྲེན་ཞུས་ནས་རུ་མི་ཚོར་སྤགས་གཡོ་བ་དང་། ཇ་བསྲུབས་མ་དཀྲུག་པ། རྩིད་ཐག་བཟོ་བ། འུར་རྡོ་འཕེན་པ་སོགས་སློབ་ཁྲིད་བྱས་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་དམངས་སྲོལ་ཉམས་སུ་མྱོང་དུ་བཅུག་པ་རེད། 
         ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་དོན་འགྲུབ་ཀྱིས“རིག་གནས་དང་། ཡུལ་སྐོར། ལུས་རྩལ་བཅས་ནི་ཁ་བྲལ་ཐབས་མེད་པ་ཡིན་ཞིང་། རིག་གནས་ནི་ཡུལ་སྐོར་གྱི་ནང་དོན་ཞིབ་ཆ་ཡིན་པ་དང་། ལུས་རྩལ་ནི་ཡུལ་སྐོར་འགྲེམས་སྟོན་བྱ་ཐབས་ཤིག་རེད། གནམ་མཚོར་རྐང་ཐང་སྐྱོད་པའི་བྱ་ཐབས་དེས་ཏག་ཏག་ང་ཚོས་བཏོན་པའི་ཡུལ་སྐོར་རིག་གནས་ཏེ། དྲི་མེད་དྭངས་གཙང་ལྷ་ས། བདེ་ཐང་ཡོང་བའི་ཡུལ་སྐོར་ཞེས་པ་ར་འཕྲོད་བྱུང་བ་རེད”ཅེས་བཤད་པ་རེད།
         སྐབས་འདིའི་རྐང་ཐང་ཚོགས་ཆེན་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། ལྷ་ས་ས་གཙང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་གཉེར་འགན་ཁུར་བ། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས། འདམ་གཞུང་རྫོང་མི་དམངས་སྲིད་གཞུང་། ལྷ་ས་པོ་ཏ་ལ་རིག་གནས་ཡུལ་སྐོར་ཚོགས་པ་བཅས་ཀྱིས་རོགས་གཉེར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།