འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་དུ་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་གྲོངས་པའི་མི་གྲངས་23
    ལ་འཕར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་21ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་གར་དུ་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་གྲོངས་པའི་མི་གྲངས་23
ལ་འཕར་ཡོད་པ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན། རྒྱ་གར་གྱི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལྟར་ན། ཚེས་19ཉིན། རྒྱ་གར་བྱང་ཕྱོགས་མངའ་སྡེ་རུ་མེ་འཁོར་ཞིག་མེ་འཁོར་ལྕགས་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་23ལ་འཕར་བ་དང་། གཞན་མི་70ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
            ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་19ཉིན་གྱི་ཆུ་ཚོད་18:00ཡས་མས་སུ། མེ་འཁོར་ཞིག་བྱང་ཕྱོགས་མངའ་སྡེ་བརྒྱུད་པའི་མུ་ཀྲ་ཧྥར་ནཱ་གར་གྲོང་ཁྱེར་ཉེ་འདབས་སུ་སྐྱོད་སྐབས་འཁོར་སྒྲོམ་གྱི་འཁོར་ལོ་ལྕགས་ལམ་དང་བྲལ་བའི་དོན་རྐྱེན་བྱུང་བ་དང་། དོན་རྐྱེན་བྱུང་ཡུལ་ནི་རྒྱ་གར་གྱི་རྒྱལ་ས་ཏི་ལི་གསར་པ་དང་བར་ཐག་སྤྱི་ལེ་100ཙམ་ཡོད་པ་རེད། དེ་སྔོན། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་ཏེ་དོན་རྐྱེན་འདི་ལས་ཉུང་མཐར་ཡང་མི་10རྐྱེན་ལམ་ཤོར་ཡོད་ཅེས་བརྗོད་པ་རེད།
           ས་གནས་དེ་གའི་སྨྱན་སྦྱོར་གྱིས་བྱང་ཕྱོགས་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་སྐད་ཆ་དྲངས་ནས་གནོད་འཚེ་འཕྲལ་སྐྱོབ་དཔུང་སྡེ་གཉིས་དང་སྨན་བཅོས་མི་སྣ་རྣམས་ཀྱིས་དོན་རྐྱེན་བྱུང་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་བྱུང་ཡུལ་ཉེ་འཁོར་གྱི་མང་ཚོགས་ཀྱང་རང་མོས་ཀྱིས་རོགས་སྐྱོར་བྱེད་པར་བསྐྱོད་ཡོད་པ་རེད། ད་ལྟ་རྨས་མ་རྣམས་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
           རྒྱ་གར་ལྕགས་ལམ་པུའུ་ཀྲང་ཕུ་ལཱ་པུ་ཡིས་ཐེངས་འདིའི་དོན་རྐྱེན་འབྱུང་རྐྱེན་ལ་བརྟག་དཔྱད་བྱ་དགོས་པའི་བཀའ་རྒྱ་ཕབ་པ་རེད། ཁོང་གིས་རྐྱེན་ལམ་དུ་ཤོར་མཁན་རེ་ལ་ཤོག་སྒོར་རུ་པི་ཁྲི་35རེའི་སྐྱིན་ཚབ་སྤྲོད་རྒྱུ་དང་། རྨས་མ་ཚབས་ཆེན་དང་རྨས་མ་ཡང་ཙམ་སོ་སོར་ཤོག་སྒོར་རུ་པི་ཁྲི་5དང་ཁྲི་2རེའི་སྐྱིན་ཚབ་སྤྲོད་རྒྱུ་བསྒྲགས་པ་རེད།
          གཞན་ཡང་ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། དོན་རྐྱེན་བྱུང་དུས། ལྕགས་ལམ་སྡེ་ཁག་གི་མི་སྣ་ཡིས་དོན་རྐྱེན་བྱུང་ཁུལ་ལམ་མཚམས་ཀྱི་ལམ་ལྕགས་ཞིག་གསོ་བྱེད་བཞིན་ཡོད་རུང་། ཞིག་གསོ་མི་སྣ་ཡིས་མེ་འཁོར་འགྲོས་ཚད་ཚོད་འཛིན་བྱ་རྒྱུའམ་ཡང་ན་དྲན་སྐུལ་ཐ་ཚིག་གཏོང་རྒྱུའི་མཚོན་རྟགས་མངོན་གསལ་སྒྲིག་འགོད་བྱས་མེད་པ་རེད། འཁོར་ལོ་ལྕགས་ལམ་དང་བྲལ་བའི་མེ་འཁོར་དེ་ནི་སྐབས་དེར་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་106ཐོག་ནས་སྐྱོད་བཞིན་ཡོད་པ་རེད། འོན་ཏང་། གཏན་འབེབས་ལ་གཞིགས་ན། ཞིག་གསོ་ལམ་མཚམས་སུ་མེ་འཁོར་གྱི་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་10ནས་15ཡི་བར་ཚོད་འཛིན་བྱ་དགོས་པ་རེད།
           ལྕགས་ལམ་ལམ་ཐིག་རྙིང་པར་གྱུར་པ་དང་ལོ་མང་འགོར་ཡང་ཞིག་གསོ་བྱེད་མྱོང་མེད་སྟབས། རྒྱ་གར་དུ་མེ་འཁོར་གྱི་འཁོར་ལོ་ལྕགས་ལམ་ལས་བྲལ་བ་དང་འཁོར་རིགས་གདོང་གཏུག་རྒྱག་པའི་དོན་རྐྱེན་མང་པོ་འབྱུང་བཞིན་ཡོད་པ་རེད།
    ༄༅།།རྒྱ་གར་དུ་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་གྲོངས་པའི་མི་གྲངས་23
ལ་འཕར་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།