འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་བྱང་ཐན་ཁུལ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་བཏང་ནས་འབྲས་བཟང་སྨིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལོ་61ལ་སླེབས་པའི་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་པིང་ཀྲི་ཡི“སློབ་ཁང”དང“ཚོད་ལྟ་ཁང”ལས་རིགས་གཅིག་པ་ཁག་གཅིག་དང་མི་འདྲ་བར་ཞིང་ནང་དུ་བསྐྲུན་ཡོད། 2012ལོ་ནས་བཟུང་ཁོང་གིས་ཉིན་ཞག་365ལས་ཉིན་ཞག་300ལྷག་ཙམ་ཧྲའན་ཤིས་ཞིང་ཆེན་ཆན་དབྱང་རྫོང་གི་ཀུ་ཤུ་ཚོད་ལྟའི་དཔེ་སྟོན་ས་ཚིགས་སུ་འཚོ་བ་སྐྱེལ་གྱི་ཡོད། དེ་གའི་དབུ་ཞུགས་རིགས་གཅིག་མཁས་ཅན་ཡིན་པའི་ཁོང་གི“སློབ་ཁྲིད་ལས་འགན”ནི་ས་གནས་དེ་གའི་ཞིང་པར་ཀུ་ཤུའི་འདེབས་འཛུགས་ལག་རྩལ་དཔེ་སྟོན་ཁྱབ་གདལ་གཏོང་རྒྱུ་དེ་ཡིན།
          “ལག་རྩལ་དེ་ནི་དེང་རབས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན་པས། ང‘ཞིང་ཁའི་ནང་གི་སློབ་ཆེན’དེ་འདྲའི་ནང་སྡོད་འདོད་ཡོད། དེས་མ་ཚད་ཞིང་པར་ལག་རྩལ་དམར་འཁྲིད་བྱ་རྒྱུར་དགའ་པོ་ཡོད”ཅེས་ལི་པིང་ཀྲི་ཡིས་བཤད་པ་རེད། ན་ནིང་ཁོང་གི་ཚོགས་པས་ཞིང་པ་8000ལྷག་ཙམ་ལ་ལག་རྩལ་གསར་པ་སློབ་ཁྲིད་བྱས་ཏེ་ཞིང་དུད་ཁག་གཅིག་གི་ཤིང་འབྲས་ལྡུམ་རའི་ཐོན་འབབ་རྒྱ་མ་1000ལྷག་ཙམ་ནས་4000ལྷག་ཙམ་བར་མང་དུ་ཕྱིན་ཡོད།
           ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གནས་ཡུལ་གྱི“ཞིང་ཚན་གྲོང”ཧྲའན་ཤིས་དབྱང་ལིང་ནི་རང་རྒྱལ་གྱི་ཞིང་ལས་མཐོ་གསར་ལག་རྩལ་དཔེ་སྟོན་ཁུལ་འབའ་ཞིག་དེ་ཡིན་པས། ཕྱེད་ཐན་ཁུལ་གྱི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པའི“རྒྱལ་ཁབ་ཀྱི་འགན་འཁྲི”དཀྲིས་ཡོད། དཔེ་སྟོན་ཁུལ་བཙུགས་ནས་ལོ་20སོང་རིང་། དེ་ནས་སྣ་མང་ཅན་གྱི་ཞིང་ལས་ཁྱབ་གདལ་གཏོང་ཐབས་འཚོལ་ཞིབ་ཐུབ་ནས་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་དེ་བས་མང་བ་ཞིང་པར་སློབ་ཁྲིད་བྱས་ཡོད།
           དབྱང་ལིང་དཔེ་སྟོན་ཁུལ་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀུའོ་ཅན་ཧྲུའུ་ཡིས་ཞིང་ལས་སློབ་ཆེན་དང་། ཐོན་ལས་འཁོར་འབྲེལ། ཚན་རྩལ་ཆེད་མངགས་པ་སོགས་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་སྟངས་ལ་བརྟེན་ནས་མིག་སྔའི་བར་དབྱང་ལིང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་18དུ་འབྲུ་རིགས་དང་། བཟའ་སྣུམ། ཤིང་འབྲས་སྡོང་པོ། སྔོ་ཚལ། འབྲོག་ལས་སོགས་དཔེ་སྟོན་ཁྱབ་གདལ་རྟེན་གཞི་301བསྐྲུན་ཡོད། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱིས་ཧྲའན་ཤིས་པའེ་ཧྲུའེ་རྫོང་དང་མེ་རྫོང་དུ་བསྐྲུན་པའི་ཀུ་ཤུ་དང་སྤྲེལ་ཁམ་སོགས་ཚོད་ལྟའི་དཔེ་སྟོན་ས་ཚིགས་བཙུགས་པར་བརྟེན། ཧྲའན་ཤིས་སུ་སྤུས་ལེགས་ཀུ་ཤུ་ཐོན་ཚད་འདས་ཟིན་པའི་ལོའི30%ནས་85%བར་མཐོ་རུ་ཕྱིན་པ་དང་ཧྲའན་ཤིས་ཀྱང་རྒྱལ་ཡོངས་ཀྱི་སྤུས་ལེགས་ཀུ་ཤུ་དང་སྤྲེལ་ཁམ་ཐོན་སྐྱེད་དང་ལས་སྣོན་རྟེན་གཞིར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།