འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འབུ་རས་རིགས་གཅིག་མཁས་ཅན་གྱིས་ཁུ་པར་ལག་རྩལ་དམར་ཁྲིད་ཀྱིས་རྒྱལ་ཁབ་
    གཉིས་པོའི་ཐོན་ལས་མཉམ་ལས་ལ་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་ཚོང་དོན་པུས་མངགས་པ་དང་ཞིང་ལས་པུའུ་ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ལྟེ་གནས་ཀྱིས་གཉེར་འགན་ཁུར་བའི་འབུ་རས་ཐོན་སྐྱེད་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཁུ་པའི་རྒྱལ་ས་ཧ་ཝ་ནར་སློབ་འགོ་ཚུགས་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
          སློབ་ཁྲིད་ནང་ཞུགས་མཁན་སུའུ་ཀྲོའུ་སློབ་ཆེན་དེང་རབས་དར་གོས་རྒྱལ་ཁབ་ལས་གྲྭའི་ཚོད་ལྟ་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཝུའེ་ཁའེ་ཡིས་ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱིས་འབུ་རས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བྱས་ནས་ལོ་5ཕྱིན་ཡོད། ཁུ་པར་ཡོད་པའི་དར་ཤིང་ཚོད་ལྟའི་ཞིང་ཁ་ཆུང་གྲས་དེ་གཉེར་སྐྱོང་བྱེད་བཞིན་ཡོད། ད་ཐེངས་ཀྱི་སློབ་ཚན་དེའི་དམིགས་ཡུལ་ནི་ཁུ་པའི་ཚན་ཞིབ་ལས་དོན་པ་དང་ལས་རིགས་གཅིག་པར་དར་ཤིང་ཐོན་ལས་འབྲེལ་ཐག་གི་འབྲེལ་ཡོད་ལག་རྩལ་དང་ཐོན་ལས་ངོ་སྤྲོད་བྱས་ཏེ་ཐོན་ལས་དེ་ཁུ་པར་ནང་འདྲེན་བྱེད་རྒྱུའི་རེ་བ་བྱེད་པ་དེ་ཡིན་ཞེས་བརྗོད་པ་རེད།
           ཁུ་པ་སྲིད་གཞུང་སྡེ་ཚན་གྱི་དར་འབུ་གསོ་སྤེལ་དང་འབུ་རས་ཐོན་སྐྱེད་ལག་རྩལ་ལ་དོ་དམ་གཙོ་བོ་བྱེད་མཁན་དཔོན་རིགས་དང་། ལག་རྩལ་རྐང་འཛིན་པ། ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་དང་དེ་བཞིན་སློབ་གྲྭའི་དགེ་རྒན་བཅས་མི་20ཙམ་ད་ཐེངས་ཀྱི་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།