འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པས་བོད་ལྗོངས་ལ་གྱོད་དོན་ཁག་
    ཐོག་མ་རྩིས་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་དྲུག་པས་བོད་ལྗོངས་ལ་ཁག་དང་པོའི་གྱོད་དོན་7རྩིས་སྤྲོད་བྱས་ཤིང་། དེའི་ནང་དུ་ལྷ་ས་དང་གཞིས་ཀ་རྩེ། ཆབ་མདོ་གྲོང་ཁྱེར་གསུམ་དང་འབྲེལ་བ་ཡོད་པ་དང་། ལྷ་ས་གྲོང་ཁྱེར་དང་འབྲེལ་བའི་གྱོད་དོན་4དང་ཆབ་མདོ་གྲོང་ཁྱེར་དང་འབྲེལ་བའི་གྱོད་དོན་2ཡོད་ལ།  ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་དང་འབྲེལ་བའི་གྱོད་དོན་1བཅས་ཡོད་པ་རེད། ཁོར་ཡུག་གནད་དོན་གཙོ་བོ་ནི་ཆུ་བཙོག་པ་བཟོས་པའི་གྱོད་དོན་3དང་།  མཁའ་རླུང་འབག་བཙོག་བཟོས་པའི་གྱོད་དོན་1 སྐྱེ་ཁམས་གཏོར་བརླག་བཏང་བའི་གྱོད་དོན་2 གཙེར་སྒྲའི་གནོད་སྐྱོན་བཟོས་པའི་གྱོད་དོན་3 ཐལ་རྡུལ་གྱི་འབག་བཙོག་བཟོས་པའི་གྱོད་དོན་1བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།