འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་གཱ་ཐོག་མར་སྤྲོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་གཱ་ཐོག་མར་སྤྲོད་པ་དང་ཞིང་ཆེན་བརྒལ་ནས་གཞན་ཡུལ་དུ་སྨན་བསྟེན་སྨན་ཡོན་རྩིས་རྒྱག་མ་ལག་ཤར་གཏོང་མཛད་སྒོ་ཉིང་ཁྲི་རུ་འཚོགས་ཤིང་། དེས་བོད་ལྗོངས་ཀྱི་ཞིང་ཆེན་བརྒལ་ནས་གཞན་ཡུལ་དུ་སྨན་བསྟེན་སྨན་ཡོན་རྩིས་རྒྱག་མ་ལག་དངོས་སུ་རྒྱལ་ཡོངས་ཀྱི་མ་ལག་དང་སྦྲེལ་བ་མཚོན་པ་རེད།
        མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཡིའུ་ཅུན་གྱིས"བོད་ལྗོངས་ཀྱི་མང་ཚོགས་ཀྱིས་ཞིང་ལྗོངས་གཞན་པའི་མང་ཚོགས་དང་འདྲ་བ་སྨན་བསྟེན་པ་དང་སྨན་ཡོན་རྩིས་རྒྱག་པའི་སྟབས་བདེ་ལོངས་སུ་སྤྱད་ཆོག་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་ནས་གཞན་ཡུལ་དུ་སྨན་བསྟེན་སྨན་ཡོན་དྲ་སྦྲེལ་རྩིས་རྒྱག་པ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད"ཅེས་བཤད་པ་རེད། མིག་སྔའི་བར་དུ། རྒྱལ་ཡོངས་སུ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་མཁན་མི་གྲངས་དུང་ཕྱུར་10.22ཡོད་པས་ཁྱབ་གདལ་དུ་བཏང་ཚད་73.9%ཟིན་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཚུད་པའི་ཞིང་ཆེན་ཡོད་དོ་ཅོག་གིས་གཱ་སྤྲོད་པ་མངོན་འགྱུར་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།