འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལོང་བ་བུ་མོས"ང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར"ཞེས་པའི་གཞས་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལོང་བ་བུ་མོས'ང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར'ཞེས་པའི་གཞས་བཏང་བ།
         2014ལོར། ལས་རིགས་ཁག་གི་གཅེས་སེམས་ལྡན་པའི་མི་སྣ་ཚོས་རོགས་རམ་གནང་བའི་འོག བདེ་ཆེན་གཡུ་སྒྲོན་ལ་ཧྲང་ཧའེ་བྱིས་པ་ལོང་བའི་སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ་པ་རེད། ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་དགེ་རྒན་ཆེ་མོ་ཡུས་ལི་ཧུང་གིས་གཡུ་སྒྲོན་གྱི་མགྲིན་སྒྲ་གསང་པོའི་གླུ་སྐད་གསན་རྗེས། ཁོང་མོ་ནི་ལྷན་སྐྱེས་ཀྱི་ཡོན་ཏན་ལྡན་པའི་གླུ་མ་བཟང་པོ་ཞིག་ཡིན་པ་ཤེས་ནས་ཁོང་མོར་ཆེད་ལས་ཀྱི་གོ་རིམ་ལྡན་པའི་གླུ་དབྱངས་ཀྱི་སློབ་གསོ་གནང་བ་རེད། གླུ་ལེན་སློབ་སྦྱོང་བྱེད་དུས། བདེ་ཆེན་གཡུ་སྒྲོན་གྱིས་དགེ་རྒན་གྱི་གཟུགས་དབྱིབས་དང་ཁ་དབྱིབས་མཐོང་མི་ཐུབ་པས། ཡུས་ལི་ཧུང་གིས་ཁོང་མོའི་ལག་པ་རང་གི་གསུས་ཁོག་ལ་བཞག་ནས་ཁོང་མོར་དབུགས་འབྱིན་རྔུབ་བྱེད་སྟངས་དང་སྒྲ་འདོན་སྟངས་སོགས་མྱོང་ཚོར་བྱེད་དུ་བཅུག་པ་རེད། ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་དགེ་རྒན་དང་སློབ་གྲོགས་ལྕམ་སྲིང་ཚོས་ཀྱང་ཁོང་མོར་དབྱངས་རྟ་འཚོལ་རོགས་བྱེད་པ་མ་ཟད། ད་དུང་དེའི་ཁྲོད་ཀྱི་དབྱངས་རྟ་མང་པོ་ཞིག་ལོང་བའི་པར་གཞིར་བསྒྱུར་པ་རེད། ཡུས་ལི་ཧུང་གིས"ཁོང་མོའི་ཡར་རྒྱས་ནི་མིག་ལྡན་ཀུན་གྱིས་མཐོང་གསལ་རེད་ལ། ཁོང་མོ་ཐོག་མར་སློབ་གྲྭར་ཡོང་སྐབས་སུ་སྐད་ཆེན་པོ་རྒྱག་པ་ལྟར་གླུ་ལེན་གྱི་ཡོད་ཅིང་། གླུ་གཉིས་གསུམ་ལས་ལེན་ཐུབ་ཀྱི་མེད་པ་རེད། ད་ལྟ་གཡུ་སྒྲོན་གྱིས"ཚན་རིག་དང་མཐུན་པར་གྲེ་འགྱུར་བེད་སྤྱོད་སྟངས་ཤེས་པ་མ་ཟད། རང་ཉིད་གཅིག་པོས་རོལ་དབྱངས་སྤྲོ་ཚོགས་ཤིག་འཚོགས་ཐུབ་ཀྱི་ཡོད"ཅེས་བཤད་པ་རེད། 
    【1】  【2】  【3】  【4】
      

    ཕྱོགས་བསྡུས་གསར་འགྱུར།