འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བ་འདིར་ལྷ་སར་ཞོ་སྟོན་འཆར་རྒྱུ་ཡིན་པ་དང་གྲོང་ཁྱེར་ནང་ཁོངས་ནས་རྟ་རྩལ་འཁྲབ་
    སྟོན་ལ་བལྟས་ཆོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་8ཚེས་10ཉིན་བོད་ལྗོངས་གཞུང་ཕྱོགས་ནས་ཤེས་རྟོགས་བྱུང་གསལ། 2017ལོར་ཀྲུང་གོའི་ལྷ་སའི་ཞོ་སྟོན་ནི་ཟླ་8ཚེས་21ཉིན་ནས་ཟླ་8ཚེས་27ཉིན་བར་ལྷ་སར་གཏོང་རྒྱུ་ཡིན་པ་དང་། ཁྱབ་བསྒྲགས་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་ཀྲུའུ་ཅན་ཧུང་གིས་ངོ་སྤྲོད་བྱས་ནས་ད་ལོའི་ཞོ་སྟོན་ལ་ཞོ་སྟོན་གོས་སྐུ་གཤོམ་པ་དང་། བོད་ཀྱི་ལྷ་མོའི་ཟློས་གར་འཁྲབ་སྟོན། དགའ་སྤྲོ་འཁོལ་བའི་ཞོ་སྟོན་ལོ་བཟང་དང་ཞོ། སྦི་རག ཞིམ་ཟས། རོལ་དབྱངས་སོགས་བྱེད་སྒོ་10སྤེལ་རྒྱུ་རེད་ཅེས་བཤད་པ་དང་། ཁོང་གིས་ད་དུང་ད་ལོའི་ཞོ་སྟོན་སྐབས་ཀྱི་ཅུང་དམིགས་བསལ་ཆེ་བ་ཞིག་ནི་ཞོ་སྟོན་སྐབས་ཀྱི་སྲོལ་རྒྱུན་བྱེད་སྒོ་ཞིག་སྟེ་མི་རིགས་ཀྱི་རྟ་རྩལ་འཁྲབ་སྟོན་སླར་གསོ་བྱས་ཡོད་ཅིང་། ཟླ་8ཚེས་23ཉིན་གྱི་སྔ་དྲོར། རྟ་རྩལ་འཁྲབ་སྟོན་ལྷ་ས་གྲོང་ཁྱེར་བྱང་འདབས་རྟ་རྒྱུག་ར་བར་བྱ་རྒྱུ་ཡིན་པ་དང་། འཁྲབ་སྟོན་རྣམ་གྲངས་ལ་གཙོ་བོར་རྟ་ཐོག་ཞབས་བྲོ་འཁྲབ་སྟོན་དང་། རྟ་ཐོག་ནས་མདའ་འཕེན་པ།  རྟ་ཐོག་ནས་ཁ་བཏགས་སྒྲུག་པ་སོགས་ཡོད་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་གྱིས་གཙོ་བོར་བྱས་ནས་དུས་ཆེན་ལ་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ཏེ་མང་ཚོགས་དང་ཡུལ་སྐོར་བའི་དུས་ཆེན་གྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད་བརྗོད་པ་རེད།
         གཞན་ཡང་། ཞོ་སྟོན་གྱི་སྲོལ་རྒྱུན་ལུགས་སྲོལ་ལ་གཞིགས་ཏེ་ཟླ་8ཚེས་21ཉིན་གྱི་སྔ་དྲོར་འབྲས་སྤུངས་དང་སེ་ར་དགོན་དུ་གོས་སྐུ་གཤོམ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཞོ་སྟོན་ནི"སྲིད་གཞུང་གིས་གཙོ་གཉེར་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་ཅིང་ཁེ་ལས་ཞུགས་པ། ཁེ་ལས་ཀྱིས་ཚོང་ར་ཅན་དུ་གཉེར་སྐྱོང་"བཅས་ཀྱི་གཉེར་སྟངས་གསུམ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱ་རྒྱུ་དང་། ལྗོངས་དང་གྲོང་ཁྱེར་གྱི་ཐད་སྐྱོང་འབྲེལ་ཡོད་སྡེ་ཁག་དང་ལྷ་སའི་ས་གཙང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་ཡིས་གཉེར་འགན་འཁུར་རྒྱུ་ཡིན་ཞིང་། དུས་ཆེན་གཉེར་སྟངས་ཐད་ལོ་སྔོན་མ་ལས་འགྱུར་ལྡོག་གསར་པ་ཁ་ཤས་ཡོད་པ་དང་། ཚོང་ར་ཅན་དུ་འགྱུར་ཚད་ལོ་སྔོན་མ་ལས་ཤུགས་སྣོན་ཇེ་ཆེར་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།