གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 08ཚེས་14ཉིན། 10:11】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མི་དམངས་དྲ་བའི་བཅར་འདྲི་ལྟེ་གནས་ཀྱི་མདུན་ཕྱོགས་གསར་འགོད་པས་སི་ཁྲོན་ཞིང་ཆེན་མེ་གསོད་མེ་འགོག་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་དང་མཉམ་དུ་ས་ཡོམ་ཁུལ་དུ་ཚེ་གསོན་མཁན་འཚོལ་ཞིབ་བྱེད་དུ་བསྐྱོད་སྐབས། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་པ་མཐོང་ལ། མཛེས་ལྗོངས་ཁུལ་ཁ་ཤས་ནི་ཡོངས་སུ་བརླག་ཡོད་པ་རེད།
གསར་འགོད་པས་ཡུལ་དངོས་སུ་མཐོང་བ་ལྟར་ན། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་སྒོ་ཁ་ནས་ནང་དུ་བསྐྱོད་དེ་སྤྱི་ལེ་15ཡི་སར་འབྱོར་དུས། གཞུང་ལམ་ཆད་ཡོད་ལ། རི་མགོ་ནས་རྦབ་རྡོ་ཆེན་པོ་རིལ་ནས་གཞུང་ལམ་བཀག་འདུག ལམ་འགྲམ་གྱི་རི་ངོས་གཟར་ཚད་ཀྱི་རིང་ཐུང་ལ་སྤྱི་ལེ་གཅིག་ཙམ་ཡོད་པས། ལམ་ངོས་སུ་བྱེ་མ་དང་བྲག་རྡོ་ཆེན་པོས་གང་ཡོད་ལ། ཁ་ཤས་སུ་གས་ཆག་ལི་སྨི་བཅུ་ལྷག་ཙམ་ཤོར་འདུག མཛེས་ལྗོངས་ཁུལ་ནང་གི་མཛེས་ལྗོངས་ཁུལ་ཁ་ཤས་དཔེར་ན་ཟམ་པ་སོགས་ནི་ས་ཡོམ་བྱུང་བའི་དབང་གིས་ཆད་འདུག་པས། སྔར་སོང་གི་མཛེས་པ་དང་བརྗིད་ཉམས་དག་མེད་པར་གྱུར་འདུག
【1】
【2】
【3】
【4】
【5】
【6】
【7】
【8】