འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་གྲངས་གཞི་ཆེ་མོ་སྤྱད་དེ་གནད་སྨིན་ དབུལ་སྐྱོར་ལ་ལྟ་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་སྲིད་ཇུས་རང་བཞིན་ཆེ་བ་དང་། ཁེབས་ཁྱོན་ཆེ་བ། དོ་ཁུར་བྱེད་ཚད་མཐོ་བ། ལྟ་སྐུལ་གྱི་དཀའ་ཚེགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཡུན་ནན་ཞིང་ཆེན་གྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔ་ཕན་ཚུན་འབྲེལ་མཐུད་ཀྱི་དབུལ་སྐྱོར་དྲ་རྒྱ་དང་གནད་སྨིན་དབུལ་སྐྱོར་གྱི་གྲངས་གཞི་ཆེ་མོའི་ལས་སྟེགས་བཏོད་པ་དང་སྦྲགས། གྲངས་གཞི་ཆེ་མོའི་ལས་སྟེགས་ལ་བརྟེན་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པས་འཐེན་བཤེར་ལྟ་བཤེར་དང་། གནད་སྨིན་དབྱེ་འབྱེད། རྣམ་གྲངས་ལྟ་སྐུལ། རོགས་སྐྱོར་དོ་དམ་སོགས་རྒྱུན་རྣམ་ཅན་ལ་གྱུར་ཐུབ་པ་རེད།
           ཡུན་ནན་ཞིང་ཆེན་གྱིས་དབུལ་སྐྱོར་བྱ་ཡུལ་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན། དབུལ་པོར་འགྱུར་རྐྱེན། རོགས་སྐྱོར་བྱེད་ཐབས་བཅས་དང་དེ་བཞིན་རོགས་སྐྱོར་གྱི་འགན་འཁུར་མཁན་སོགས་ཀྱི་ཆ་འཕྲིན་གནད་སྨིན་དབུལ་སྐྱོར་གྱི་གྲངས་གཞི་ཆེ་མོའི་ལས་སྟེགས་ནང་བཅུག་ནས་དབུལ་སྐྱོར་བྱེད་མཁན་ལས་བྱེད་པ་དང་སྒྲིག་བཤེར་ལས་བྱེད་པས་ལས་སྟེགས་བརྒྱུད་དབུལ་སྐྱོར་བྱ་ཡུལ་སྐབས་བསྟུན་གྱིས་འཐེན་ནས་གདམ་གསེས་དང་ཚད་བསྡུར་ཞིབ་བསྡུར་བྱས་ཏེ་གནད་སྨིན་དབུལ་སྐྱོར་དབྱེ་འབྱེད་བྱེད་པའི་བརྒྱུད་རིམ་ཁྲོད་དགའ་ཉེ་སྤུན་མཆེད་ལ་ཕྱོགས་ཞེན་དང་མི་བདེན་རྫུན་སྒྲིག་སོགས་ཀྱི་གནས་ཚུལ་དང་དེ་བཞིན་དབུལ་སྐྱོར་དུད་ཚང་ལ་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་མིན་ཐད་རྗེས་འདེད་ལྟ་སྐུལ་ཞིབ་བཤེར་བྱས་པས་གནས་སྨིན་དབུལ་སྐྱོར་གྱི་ལས་དོན་ཐད“གནས་ཀྱིས་གནས”ལ་ལྟ་སྐུལ་བྱེད་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།