འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།“ཞི་བདེའི་དཔུང་སྡེ་འདི་ཡི་སྟོབས་ཤུགས་ཇེ་ཆེར་འགྲོ་བར་སྨོན”

    —— དམག་དཔུང་བཙུགས་ནས་ལོ་90འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་ཕྱི་རྒྱལ་སྐུ་མགྲོན་གྱི་ལྟ་སྐོར་ཆེད་དོན་སྐོར་གྱི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་12ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལས་རིགས་ཁག་གི་མང་ཚོགས་ཀྱི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པའི་དམག་དཔུང་བཙུགས་ནས་ལོ་90འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་དུ་འགྲོ་བའི་སྤྲོ་སེམས་སྤུ་ཙམ་ཡང་ཉམས་མེད་ཅིང་། འགྲེམས་སྟོན་འགོ་བཙུགས་པ་ནས་བཟུང་ལྟད་མོ་བ་མི་གྲངས་ཁྲི་57ལྷག་ཙམ་ཟིན་པ་དང་། འགྲེལ་བཤད་ཁག་ཐེངས་2400ལྷག་ཙམ་བརྒྱབ་པ། དྲན་འཆར་ཁག་9000ཙམ་བྲིས་ཡོད།
          ཟླ་8ཚེས་10ཉིན་གྱི་སྔ་དྲོ“འོད་སྟོང་འབར་བའི་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་རླབས་ཆེའི་བྱ་གཞག་གསར་གཏོད་བྱེད—ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་ཕྱི་རྒྱལ་སྐུ་མགྲོན་གྱི་ལྟ་སྐོར་ཆེད་དོན་བསུས་པ་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་དཔུང་ཁག་བསྡོམས་ལྟ་སྐོར་མི་གྲངས་400ལྷག་ཙམ་ཡོད་པ་ལས། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་38དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཀྲུང་གོར་བཅའ་སྡོད་འཐུས་མི་3 གནས་སྐབས་ཚབ་སྒྲུབ་པ་21 དྲག་དཔོན(དྲག་དཔོན་གཞོན་པ)22 ཀྲུང་གོར་བཅའ་སྡོད་སྒྲིག་གཞི་100ལྷག་ཙམ་གྱི་ཀྲུང་གོར་བཅའ་སྡོད་ཕྱི་འབྲེལ་དཔོན(ནང་མི)200ལྷག་ཙམ། དེ་བཞིན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་100ལྷག་ཙམ་ཡོད་པ་རེད།
          ཤ་རྩི་མི་འདྲ་ཡང་དོ་ཁུར་བྱེད་ས་གཅིག་མཚུངས་ཡིན་པ། ལྟ་སྐོར་བྱེད་རིང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚང་མས་ངོ་སྤྲོད་ནན་ཏན་ཉན་པ་དང་། ཁ་པར་གྱིས་བག་ཆགས་གཏིང་ཟབ་པའི་འགྲེམས་དངོས་པར་ལེན་གིན་འགྲེལ་བཤད་ཀྱི་ནང་དོན་དེ་འགྲེལ་བཤད་རྒྱག་མཁན་ལ་སྐད་ཤུགས་ཆུང་ངུས་འདྲི་རྩད་བྱེད། ས་ལ་ཧེ་ནི་ཨེ་ཅིབ་ཀྱི་ཨ་རབ་སྐད་ཁོངས་ཀྱི་ཕྱི་ཁོངས་རིགས་གཅིག་མཁས་ཅན་ཡིན་ཞིང་། ཁོང་གིས་དགའ་ཚོར་ཆེན་པོས“དུས་སྐབས་གསར་པའི་དམག་དཔུང་འཛུགས་སྐྲུན་གྱི་བཀོད་འདོམས་བསམ་བློ་བརྟན་པོར་འཆང་དགོས་པའི”འགྲེམས་པང་གྱི་མདུན་དུ་དྲན་རྟེན་པར་བརྒྱབ་པ་དང“ངས་ཀྲུང་གོའི་དམག་དཔུང་གི་ལོ་རྒྱུས་ཤེས་འདོད་འདུག གང་ཡིན་ཟེར་ན་ང་ཀྲུང་གོར་དགའ་ཞེན་ཆེན་པོ་ཡོད་ལ། ཀྲུང་གོའི་མཐའ་དག་ལ་ཡ་མཚན་ཆེན་པོ་སྐྱེ་གི་འདུག འགྲེམས་སྟོན་འདི་ལས་རང་ཉིད་ཀྱིས་མི་དམངས་དམག་དཔུང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཤེས་བྱུང”ཞེས་བཤད་པ་དང་། ས་ལ་ཧེས་ད་དུང་འགྲེམས་སྟོན་ལ་གྲོས་འགོ་བཏོན་ནས“ངས་འགྲེམས་སྟོན་འདིར་དབྱིན་ཡིག་གི་ནང་དོན་ངོ་སྤྲོད་དང་དེ་བཞིན་རྟེན་རྫས་བཤམས་མཛོད་ཁང་གི་དབྱིན་ཡིག་དྲིལ་བསྒྲགས་དེབ་སོགས་ཡོད་པའི་རེ་བ་བྱེད་ཀྱི་ཡོད། གང་ལགས་ཤེ་ན་འདི་ལྟར་བྱས་ཚེ་ང་ཚོར་ཆ་འཕྲིན་དེ་བས་མང་བ་ཐོབ་སྲིད”ཅེས་བཤད།
          “ངས་འདི་གའི་འགྲེམས་ཟོག་ཚང་མར་དགའ་སྣང་ཆེན་པོ་ཡོད”ནི་ཀྲེ་རི་ཡ་ནས་ཡིན་པའི་མོ་ལིས་འགྲེམས་སྒྲོམ་ནང་དུ་བསྒྲིགས་པའི་བྱས་རྗེས་གཟེངས་རྟགས་ལ་ཞིབ་མོར་བལྟས་རྗེས། པར་ཆས་བཏེགས་ནས་པར་བླངས་པ་དང་དེ་དག་རེ་རེ་བཞིན་པར་དེབ་ནང་དུ་ཉར་ཚགས་བྱས། དེ་སྔ་ཀྲུང་གོར་སློབ་ཆེན་འགྲིམས་པའི་མོ་ལིས་ཀྱིས་ཀྲུང་གོའི་རིག་གནས་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང“རང་ཉིད་པེ་ཅིང་གི་ཁྲོམ་གཞུང་དང་སྲང་ལམ་གང་སར་འགྲོ་རྒྱུར་དགའ་པོ་ཡོད། མི་སེར་གྱི་བབ་ཆགས་ལ་སྤྲོ་སྣང་དོད་པའི་འཚོ་བར་རང་ཉིད་ཡིད་དབང་འཕྲོགས་པ་མ་ཟད། མི་ཚོའི་བསམ་པའི་ཉམས་འགྱུར་ལས་རང་ཉིད་ལ་དྲང་ནུས་ཆེན་པོ་ཚོར་ཐུབ་ཀྱི་འདུག”ཅེས་བཤད།
          འགྲེམས་སྟོན་གྱི་ཆ་ཤས་གང་ཞིག་བག་ཆགས་གཏིང་ཟབ་ཤོས་ཡིན་པའི་སྐོར་འདྲི་སྐབས། སར་པི་ཡ་ནས་ཡིན་པའི་གཞུང་ཚབ་རིམ་པའི་ཚན་ཙན་ཐ་ཐེ་ཡ་ན་ཡིས“ཆ་ཤས་དང་པོའི་འགྲེམས་ཚོམས་ཀྱིས་རང་ཉིད་ལ་གཡོ་འགུལ་ཆེ་ཤོས་ཐེབས་བྱུང་། གོ་མིན་ཏང་ལོག་སྤྱོད་དབང་སྒྱུར་ལ་དྲག་ཆས་འགོག་རྒོལ་བྱེད་པའི་དམག་འཁྲུག་དང་པོ་ནན་ཁྲང་འོས་ལངས་ནི་དཀའ་ཚེགས་ཧ་ཅང་ཆེ་བའི་ཁྲོད་རྒྱུན་འཁྱོངས་བྱས་པ་ཞིག་ཡིན་ཞིང་། སྙིང་སྟོབས་དེ་རིགས་ནི་རྩ་ཆེན་ཞིག་རེད”ཅེས་བཤད། དེ་གོང་ལོ་རྒྱུས་དེར་རྒྱུས་མངའ་ཧ་ཅང་ཆུང་བའི་ཐ་ཐེ་ཡ་ནས“དམག་དཔུང་བཙུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁྲོད་མི་དམངས་བཅིངས་འགྲོལ་དམག་གི་ལོ་90ཡི་ལོ་རྒྱུས་འགྲེམས་སྟོན་བྱས་ཏེ་མི་ཚོར་ལོ་རྒྱུས་བརྟན་པོ་ངེས་སུ་བཅུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།
          “ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བའི་འཕེལ་རིམ་དེའང་ཀྲུང་གོ་ཧྲིལ་པོ་གོམ་སྟབས་རེ་རེ་བཞིན་སྟོབས་ཆེར་འགྲོ་བའི་འཕེལ་རིམ་ཞིག་རེད”ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་མ་སུའུ་ཏེ·ཧ་ལི་ཏེས་ཀྲུང་གོ་མི་དམངས་དང་ཀྲུང་ཕའི་མཛའ་གྲོགས་ཐད་ཀྱི་ཁོང་གི་མཛེས་སྡུག་ལྡན་པའི་སྨོན་འདུན་མཚོན་པ་དང“ཕ་ཁི་སི་ཐན་དང་ཀྲུང་གོའི་དབར་ཕྱོགས་ཁག་གི་མཉམ་ལས་འབྲེལ་བ་དམ་ཟབ་ཡོད་པ་དང་གྲོགས་པོ་ཡིན་པའི་ངོས་ནས་ཞི་བའི་དམག་དཔུང་དང་། དྲང་བདེན་གྱི་དམག་དཔུང་། གཟི་ཉམས་ཀྱི་དམག་དཔུང་བཅས་ཡིན་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྟོབས་ཤུགས་ཇེ་ཆེར་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།