འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སའི་གོ་ལའི་ཐོག་གི་མཐའ་མའི་ཡུལ་ཁམས་གཙང་མ་ཨ་ཆེན་གངས་རྒྱབ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 17:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སའི་གོ་ལའི་ཐོག་གི་མཐའ་མའི་ཡུལ་ཁམས་གཙང་མ་ཨ་ཆེན་གངས་རྒྱབ། 
         མི་དམངས་དྲ་བའི་འཕྲིན། ཨ་ཆེན་གངས་རྒྱབ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཁུངས་ཡིན་ཞིང་། "ཀྲུང་ཧྭའི་ཆུ་ཕུགས་མཐོ་ལྕོག"ཅེས་པའི་མིང་དུ་གྲགས། འདི་ནི་གནམ་དང་ཐག་ཉེ་ཤོས་ཀྱི་ས་ཆ་ཡིན་པ་དང་། འདི་ནི"སའི་གོ་ལའི་ཐོག་གི་མཐའ་མའི་ཡུལ་ཁམས་གཙང་མ"རེད། ཆུ་བོ་གསུམ་གྱི་འབྱུང་ཡུལ་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་མཐོ་སྒང་འདམ་ར་ཡིན་ལ། འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བའི་ས་ཁུལ་དང་། སྐྱེ་དངོས་སྣ་མང་སྐྱེ་འཕེལ་རང་བཞིན་གཅིག་བསྡུས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་རེད། ཨ་ཆེན་གངས་རྒྱབ་ཚབ་མཚོན་དུ་གྱུར་པའི་མི་མེད་ཐང་སྟོང་ཡུག་ཆེན་པོ་དེ་ནི་ས་མཐོ་ཞིང་ངོས་གཟར་ཞིང་ས་རྒོད་ཐང་སྟོང་ཡིན་པ་མ་ཟད། ངོ་མཚར་ཆེ་བ་ཞིག་ཀྱང་ཡོད། འདི་རུ་འཚོ་རླུང་ཉུང་བ་དང་། གནམ་གཤིས་གྲང་ངར་ཆེ་ཞིང་འགྱུར་བ་ཆེ་བས། རང་བྱུང་ཆ་རྐྱེན་ཧ་ཅང་ངན་པས། དེར"མིའི་རིགས་འཚོ་གནས་བྱ་ཐབས་བྲལ་བའི་ཁུལ"ཞེས་པའི་མིང་ཐོབ་པ་རེད། ཡིན་ནའང་དེ་ནི་མཐོང་བ་དཀོན་ཞིང་བདག་ཏུ་མ་བཟུང་བའི་སྲོག་ཆགས་གཙོད་དང་འབྲོང་། རྐྱང་། དྲེད་མོ། རི་ཞུམ། ཝ་མོ་སོགས་ཀྱིས་རང་འདོད་ངང་འཚོ་གནས་བྱེད་པའི་མཐོ་རི་རྩྭ་ཐང་ཞིག་ཀྱང་རེད།
    ༄༅།།སའི་གོ་ལའི་ཐོག་གི་མཐའ་མའི་ཡུལ་ཁམས་གཙང་མ་ཨ་ཆེན་གངས་རྒྱབ། 
    ༄༅།།སའི་གོ་ལའི་ཐོག་གི་མཐའ་མའི་ཡུལ་ཁམས་གཙང་མ་ཨ་ཆེན་གངས་རྒྱབ། 
    ༄༅།།སའི་གོ་ལའི་ཐོག་གི་མཐའ་མའི་ཡུལ་ཁམས་གཙང་མ་ཨ་ཆེན་གངས་རྒྱབ། 
      

    ཕྱོགས་བསྡུས་གསར་འགྱུར།