འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་21ཉིན་ནས་འགོ་ཚུགས་རྒྱུ་དང་ཁྱོན་བསྡོམས་
    བྱེད་སྒོ་ཆེན་པོ་བཅུ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2017ལོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་21ཉིན་ནས་འགོ་ཚུགས་རྒྱུ་དང་ཁྱོན་བསྡོམས་
བྱེད་སྒོ་ཆེན་པོ་བཅུ་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་10ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས་2017ལོའི་ཀྲུང་གོའི་ཞོ་སྟོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
         གསར་འགྱུར་གཏམ་བཤད་པས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་ཀྲུང་གོའི་ཞོ་སྟོན་ནི་ཟླ་8ཚེས་21ཉིན་ནས་ཟླ་8ཚེས་27ཉིན་བར་གཏོང་རྒྱུ་ཡིན་པ་དང་། ཁྱོན་བསྡོམས་ཞོ་སྟོན་འགོ་ཚུགས་པའི་མཛད་སྒོ་དང་། གོས་སྐུ་གཤོམ་པ། ལྷ་མོའི་ཟློས་གར་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་བཅུ་ཡོད་པ་རེད།
         2017ལོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་མཛད་སྒོ་ནི་ཟླ་8ཚེས་21ཉིན་གྱི་དགོང་མོར་ལྷ་ས་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོ་ཁང་དུ་འཚོག་རྒྱུ་ཡིན་ཞིང་། སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར། ཟླ་8ཚེས་21ཉིན། འབྲས་སྤུངས་དགོན་དང་སེ་ར་དགོན་དུ་གོས་སྐུ་བཤམ་རྒྱུ་ཡིན་པ་དང་། ཟླ་8ཚེས་21ཉིན་ནས་ཟླ་8ཚེས་27ཉིན་བར་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ"ལྷ་མོའི་ཟློས་གར་འཁྲབ་སྟོན་སྐབས་དྲུག་པ"ཆེད་འཁྲབ་བྱས་ནས་ཉེ་བའི་ལོ་འགའི་རིང་བོད་རང་སྐྱོང་ལྗོངས་ཀྱིས་ལྷ་མོའི་ཟློས་གར་སྲུང་སྐྱོབ་བྱས་འབྲས་འགྲེམས་སྟོན་དང་། ལྗོངས་ཡོངས་ཀྱི་ལྷ་མོའི་ཟློས་གར་ཁག་གི་འཁྲབ་ལུགས་ངོམ་སྟོན་དང་སྤེལ་རེས་བྱ་རྒྱུའི་སྟེགས་བུ་ཞིག་བཙུགས་ནས་བོད་རང་སྐྱོང་ལྗོངས་ཀྱི་ལྷ་མོའི་ཟློས་གར་འཁྲབ་སྟོན་ཆུ་ཚད་ཇེ་མཐོར་བཏང་སྟེ་ལྷ་མོའི་ཟློས་གར་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་གསལ་པོར་མངོན་པར་བྱ་རྒྱུ་རེད།
         ཟླ་8ཚེས་20ཉིན། གནམ་མཚོའི་རྐང་ཐང་ཚོགས་ཆེན་སྐབས་བཅུ་གཅིག་པ་འདམ་གཞུང་རྫོང་གནམ་མཚོའི་འགྲམ་དུ་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་རྒྱལ་ནང་གི་རིག་གནས་པ་གྲགས་ཅན་དང་། རྐང་ཐང་ལ་དགའ་པོ་བྱེད་མཁན། ཡུལ་སྐོར་ལ་དགའ་པོ་བྱེད་མཁན་བཅས་80ལྷག་གདན་འདྲེན་ཞུས་ཏེ་ཞུགས་རྒྱུ་ཡིན་ཞིང་། བྱེད་སྒོ་དེ་ནི་འཕྲོད་བསྟུན་རང་བཞིན་དུ་རྐང་ཐང་སྐྱོད་པ་དང་མཚོ་འགྲམ་དུ་སྤྱི་ལེ་10རིང་ལ་རྐང་ཐང་སྐྱོད་པའི་མཛའ་བཤེས་ཀྱི་འགྲན་བསྡུར་དུས་རིམ་གཉིས་བྱ་རྒྱུ་རེད། དེའི་རིང་ལ"ལྷ་སའི་ཁྱིམ་ཚང"དུ་འགྲོ་བ་དང་། རུ་མི་སྒྲིག་འཛུགས་བྱས་ནས་གད་སྙིགས་སྒྲུག་པ། སྲོལ་རྒྱུན་གྱི་དམངས་སྲོལ་མྱོང་རོལ་ལ་ཞུགས་པ་སོགས་ཀྱི་བྱེད་སྒོར་ཞུགས་པར་བརྟེན་ནས་གནམ་མཚོའི་མཛེས་ཤིང་གཙང་བའི་རང་བྱུང་གི་ཡུལ་ལྗོངས་དྲིལ་བསྒྲགས་དང་མཚམས་སྦྱོར་བྱས་ཏེ་རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྣེ་ཁྲིད་བྱས་ཐོག ལྷ་ས་གྲོང་ཁྱེར་ནི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་ཡིན་པའི་རྣམ་པ་བཟང་པོ་སྔར་ལས་མཐོ་རུ་གཏོང་རྒྱུ་རེད།
         ཟླ་8ཚེས་21ཉིན། ཞོ་སྟོན་གྱི་ཚོང་འགུགས་དངུལ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ལ་གཅིག་སྡུད་ཀྱིས་ཆིངས་རྒྱ་འཇོག་པའི་མཛད་སྒོ་གནས་མཆོག་ལྷ་ཡུལ་གླིང་ཆེན་གསོལ་མགྲོན་ཁང་ཆེན་མོར་འཚོག་རྒྱུ་རེད། ཐེངས་འདིའི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཞོ་སྟོན་གྱི་སྟེགས་བུར་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ཁུངས་དང་། ཁྱད་ལྡན་ཐོན་ལས་དྲིལ་བསྒྲགས་དང་། ལྷ་སའི་ས་གཙང་ཆུ་དྭངས། རིག་གནས་ཡུལ་སྐོར་སོགས་གཙོ་གནད་ཐོན་ལས་ཀྱི་ཚོང་འགུགས་དངུལ་འདྲེན་རྣམ་གྲངས་འོས་སྦྱོར་བྱས་ཏེ་ལྷ་སའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་སྔར་ལས་ལྷག་པར་གཏོང་རྒྱུ་རེད། སྐབས་དེར་ལྗོངས་ནང་གི་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཚོང་འགུག་སྡེ་ཁག་དང་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་དང་དེ་བཞིན་རྒྱལ་ནང་གི་དངུལ་འཇོག་འདོད་བློ་ཡོད་པའི་ཁེ་ལས་དང་། རྫོང་(ཁུལ)ཁག་དང་།  བཟོ་ལས་སྡེ་ཁུལ། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བ་རྣམས་ངོ་འཕྲད་གྲོས་མོལ་ལ་ཞུགས་རྒྱུར་གདན་འདྲེན་ཞུ་རྒྱུ་རེད།
         ཟླ་8ཚེས་23ཉིན་གྱི་སྔ་དྲོར། སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ལྷ་ས་གྲོང་ཁྱེར་བྱང་འདབས་རྟ་རྒྱུག་ར་བར་བྱ་རྒྱུ་ཡིན་པ་དང་། འདི་ནི་ད་ལོ་སླར་གསོ་བྱས་པའི་ཞོ་སྟོན་སྐབས་ཀྱི་སྲོལ་རྒྱུན་འཁྲབ་ཚན་ཞིག་ཡིན་ཞིང་། འཁྲབ་སྟོན་རྣམ་གྲངས་ལ་གཙོ་བོར་རྟ་ཐོག་ཞབས་བྲོ་འཁྲབ་སྟོན་དང་། རྟ་ཐོག་ནས་མདའ་འཕེན་པ།  རྟ་ཐོག་ནས་ཁ་བཏགས་སྒྲུག་པ་སོགས་ཡོད་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་གྱིས་གཙོ་བོར་བྱས་ནས་དུས་ཆེན་ལ་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ཏེ་མང་ཚོགས་དང་ཡུལ་སྐོར་བའི་དུས་ཆེན་གྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད།
         ད་ལོའི་ཞོ་སྟོན་གྱི་བྱེད་སྒོ་དང་པོ་ལྷོ་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་པར་ལེན་མཉམ་འབྲེལ་འགྲེམས་སྟོན་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་སྤེལ་བ་དང་། ཞོ་སྟོན་གྱི་རིང་ལ་ད་དུང་ལྷ་སའི་ཞོ་སྟོན་གྱི་ཚོང་ཟོག་སྤུས་ལེགས་གྲགས་ཅན་ཚོང་འདུས་དང་། དགའ་སྤྲོ་འཁོལ་བའི་ཞོ་སྟོན་ལོ་བཟང་དང་ཞོ། སྦི་རག ཞིམ་ཟས། རོལ་དབྱངས་བཅས་ཀྱི་བྱེད་སྒོ་ཡང་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།