འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་མེ་ཟོན་ཉིང་ལག་རུ་ཁག་སྟབས་བདེའི་རོགས་སྐྱོར་རུ་ཁག་གི་དཔོན་དམག་40
    ལྷག་འཕྲལ་མར་གཟི་ཚ་སྡེ་དགུ་རུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དཀར་མཛེས་མེ་ཟོན་ཉིང་ལག་རུ་ཁག་སྟབས་བདེའི་རོགས་སྐྱོར་རུ་ཁག་གི་དཔོན་དམག་40
ལྷག་འཕྲལ་མར་གཟི་ཚ་སྡེ་དགུ་རུ་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་གྱི་ཆུ་ཚོད་8དང་སྐར་མ་21སྐར་ཆ་19ཐོག སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་གཟི་ཚ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་7.0བྱུང་ཞིང་། ས་ཡོམ་བྱུང་རྗེས། དཀར་མཛེས་མེ་ཟོན་ཉིང་ལག་རུ་ཁག་གི་ཉེན་རྟོག་ཡོངས་ཀྱིས་ཁྱོན་བསྡོམས་རོགས་སྐྱོར་རླངས་འཁོར་7དང་། མེ་ཟོན་དཔོན་དམག་30 ཆུ་ཚོད་72རིང་འགན་སྲུང་དངོས་རྫས་གྲ་སྒྲིག་བྱས་ནས། སྟབས་བདེའི་རོགས་སྐྱོབ་རུ་ཁག་བཙུགས་པ་དང་། དེ་དང་དུས་གཅིག་ཏུ་ལྕགས་ཟམ་རྫོང་མེ་ཟོན་རུ་ཁག་གི་དཔོན་དམག་10ལྕགས་ཟམ་རྫོང་དུ་སྒྲིག་ཆས་ཚང་མ་གྲ་སྒྲིག་བྱས་ནས་དཀར་མཛེས་མེ་ཟོན་རུ་ཁག་གི་རུ་མི་དང་མཉམ་འཛོམས་བྱས་པས། ཁྱོན་བསྡོམས་དཔོན་དམག་40ཡོད་པ་རེད། 
         ཟླ་8ཚེས་9ཉིན་གྱི་ཆུ་ཚོད་0དང་སྐར་མ་10ཐོག དཀར་མཛེས་མེ་ཟོན་རུ་ཁག་གི་རུ་མི་30ཡིས་རོགས་སྐྱོར་སྒྲིག་ཆས་ཚང་མ་གྲ་སྒྲིག་ཚར་བ་དང་། ཆུ་ཚོད་0དང་སྐར་མ་23ཐོག དཔོན་དམག་ཚང་མ་རླངས་འཁོར་དུ་བསྡད་ནས། ཆུ་ཚོད་0དང་སྐར་མ་25ཐོག རོགས་སྐྱོར་རུ་ཁག་རྡོག་ཐོན་བྱས་ནས། གང་མྱུར་ངང་གཟི་ཚ་སྡེ་དགུ་རུ་བསྐྱོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།