འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་དམངས་མཉམ་དུ་རོལ། མེས་རྒྱལ་ལ་བསྟོད་གླུ་ལེན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             —— ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་གིས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་མཉམ་དུ་དམག་དཔུང་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུས་པའི་སྐོར་བཀོད་པ། 
             ཟླ་7ཚེས་30ཉིན་ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་དེ་བཞིན་ཀྲུང་གོའི་མ་འཇོག་སྒྲིག་གཞིའི་འཐུས་མི་བཅས་དགའ་སྤྲོ་མཉམ་འཛོམས་ཀྱིས་མཉམ་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུས་ཤིང་། ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཁེ་ཅན་གདན་ཞུས་ལྟར་ཕེབས་ཡོད་པ་རེད།
            སྔ་དྲོའི་ཆུ་ཚོད་11ཙམ་ལ་ཏི་ཀྲུང་རྒྱ་མཚོའི་འགྲམ་དུ་ཡོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་དམག་སྒར་ནང་དར་ཆ་སྲུང་འཁྱེར་བ་3གྱིས་ལྕགས་ཞྭ་སྔོན་པོ་གྱོན་པ་དང་ལག་ཏུ་མེ་མདའ་འཁྱེར་བའི་རུ་སྟར་གྲུ་བཞི་དང་མཉམ་དུ་གོམ་བཞེངས་ཆེན་པོས་ཐང་ཆེན་ཐོག་བསྐྱོད། ཚང་མས་ཡར་ལངས་ནས་རྒྱལ་དར་ལ་ལྟ་བཞིན་མཉམ་དུ་སྐད་གསང་མཐོན་པོས་རྒྱལ་གླུ་བཏང་བའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས།
           《མེས་རྒྱལ་ལ་བསྟོད་གླུ་ལེན་》ཞེས་པའི་གླུ་གཞས་ཁྲོད་བྱེད་སྒོ་འགོ་ཚུགས་ཤིང་། དེ་རྗེས་ཞི་བདེ་སྲུང་སྐྱོང་གི་དཔོན་དམག་ཚོས་མཉམ་དུ་《དམག་ཤུགས་རྒྱས་པའི་འཐབ་གླུ་》ཞེས་པ་བཏང་བ་དང་འབྲེལ་རྔ་གཞས་འཁྲབ། སྐད་གསང་མཐོན་པོའི་གླུ་གཞས་ཐོག་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔའ་ངར་ཞུམ་མེད་ཀྱི་ཉམས་འགྱུར་མངོན་པར་བྱས།
           “རྒྱལ་ཁབ་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་མི་དམངས་དམག་དཔུང་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པར་བརྟེན། ང་ཚོ་ཕྱི་འབྲེལ་མི་སྣས་ཕྱི་ཕྱོགས་དང་འབྲེལ་བ་བྱེད་སྐབས་དེ་བས་གདེང་ཚོད་ཀྱིས་ཁེངས་པ་དང་རྒྱལ་ཁབ་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་སྐབས་ངར་ཤུགས་ཀྱིས་ཁེངས་ཐོག་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤུན་ཟླ་ཚོས་དེ་བས་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག”ཅེས་གཞུང་ཚབ་ཆེ་མོ་བ་ཝང་ཁེ་ཅན་གྱིས་ཤིས་ཚིག་གསུང་སྐབས་རང་ཉིད་ཀྱི་མྱོང་ཚོར་ཟབ་མོ་བཤད།
            དེ་ཉིན་ཀྲུའུ་རི་ཧོ་མཉམ་འབྲེལ་སྦྱོང་བརྡར་རྟེན་གཞིར་འཚོགས་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོར་བལྟས་པའི་སྐོར་གླེང་སྐབས་ཚང་མས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་མཐོང་སྐབས་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག་ལ་རྒྱལ་ཁ་ལེན་ཐུབ་མཁན་གྱི་དམག་དཔུང་འདི་འདྲ་ཡོད་པར་དེ་བས་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག་ཅེས་བཤད། ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཁག་བཅུ་དྲུག་པའི་ཞི་བདེ་སྲུང་སྐྱོང་ནུས་མང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་ཆབ་སྲིད་ལས་དོན་གྱི་ཙུའུ་ཀྲང་དབྱིང་ཅན་ཧང་གིས“དམག་དཔུང་བཙུགས་ནས་ལོ་90འཁོར་བའི་དམག་གཟིགས་མཛད་སྒོར་བལྟས་པ་མ་ཟད། དེ་གར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་སྐབས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ང་ཚོའི་དུས་རབས་དེའི་དམག་མི་ནི་སྐྱིད་པོ་རེད། སྒྱུར་བཅོས་དམག་སྟོབས་ཀྱི་དུས་རབས་ཆེན་པོའི་རྗེས་ཟིན་ཐུབ་པ་བྱུང་ཡོད། ཞི་བདེ་སྲུང་སྐྱོང་དཔུང་སྡེའི་ཁོངས་མི་ཞིག་གི་ངོས་ནས་ཕྱི་རྒྱལ་གྱི་དམག་དཔུང་དང་རྩལ་འགྲན་བྱ་རྒྱུ་དང་ང་ཚོའི་འོས་འགན་ལ་དེ་བས་ལྷག་བསམ་བྱེད་པ་དང་ང་ཚོའི་དམག་དཔུང་གི་གཟུགས་བརྙན་མངོན་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།
            2006ལོ་ནས་བཟུང་ཀྲུང་གོས་ལེ་པ་ནོན་དུ་ཁྱོན་ཁག་ཐེངས་16དང་དམག་མི་ཐེངས་5000ཙམ་གྱི་ཞི་བདེ་སྲུང་སྐྱོང་དཔོན་དམག་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།