འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གཞན་ཕན་བསྒྲུབ་རྒྱུར་དགའ་བའི་དཔེ་བཟང་གི་འོས་མི།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་ཀྱི་གཞན་ཕན་བསྒྲུབ་རྒྱུར་དགའ་བའི་དཔེ་བཟང་གི་འོས་མི།
           ལྷག་པ་སྒྲོལ་མ། མོ། བོད་རིགས། 1933ལོའི་ཟླ་3པར་སྐྱེས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་རུ་ཁག་དང་པོའི་ལས་འཁྱུར་བཟོ་པ།
            ལྷག་པ་སྒྲོལ་མ་ལོ་ན་བགྲེས་ ཀྱང་བློ་ལ་ཐོག་མཐའ་བར་གསུམ་དུ་གཞན་ལ་རོགས་རམ་བྱེད་པའི་འགན་འཁྲིའི་བསམ་པ་དང་བྱ་གཞག་སྒྲུབ་སེམས་འཆང་གི་ཡོད། ཁོང་གིས་སྡོད་ཁང་བཙོངས་པའི་དངུལ་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་བརྒྱབ་ནས་རང་ཉིད་ཁང་གླ་གླས་ཏེ་སྡོད་ཀྱི་ཡོད། ཁོང་གིས་རྒྱུན་དུ་ཟ་མཁས་འཐུང་མཁས་བྱས་ནས་བསགས་པའི་ལས་འཁྱུར་གླ་ཆ་དཀའ་ངལ་ཡོད་པའི་མིར་ཞལ་འདེབས་བརྒྱབ་ཅིང་། ལྷག་པ་སྒྲོལ་མས་དགེ་བའི་ལས་བསྒྲུབས་ནས་ལོ་30ཙམ་སོང་ཡོད།
             ཁང་པའི་རྒྱ་ཁྱོན་སྨི་ངོས་གྲུ་20ལྷག་ཙམ་ཡོད་པའི་བོགས་གཏོང་ཁང་པའི་ནང་ཉལ་ཁྲི་གཅིག་དང་། སྒྲོག་རྩེ་གཅིག བརྙན་འཕྲིན་གཅིག་བཅས་ལས་མེད་པ་དང་འཚོ་བའི་ཆ་རྐྱེན་འགྲིག་ཙམ་ལས་མེད། ལྷག་པ་སྒྲོལ་མར་ཟླ་རེར་ལས་འཁྱུར་གླ་ཆ་སྒོར་2000ཡོད་པའི་ནང་ནས་སྒོར་400ཁང་གླར་སྤྲོད་ཀྱི་ཡོད། བཟའ་ཟླ་སྔ་ས་ནས་གྲོངས་པ་དང་བུ་ཕྲུག་ཀྱང་མེད་པས། ཁྱིམ་དུ་རང་ཉིད་གཅིག་པུ་ཡིན། འཚོ་བ་འགྲིག་ཙམ་ལས་མེད་ཀྱང་ཁོང་གིས་ནུས་ཤུགས་གང་ཡོད་ཀྱིས་གཞན་ལ་ཞལ་འདེབས་བརྒྱབ་ཅིང་། རྒན་ཡོལ་ཞུས་ནས་ད་བར་སྔ་རྗེས་སུ་རྒྱ་གྲམ་དམར་རྟགས་ཚོགས་པ་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཕན་བདེ་ཁང་། དྭ་ཕྲུག་ཁང་བཅས་སུ་དངུལ་སྒོར་ཁྲི་35ཞལ་འདེབས་བརྒྱབ་ཡོད། གཞན་གྱིས་ཁོང་ལ་དེ་ལྟར་བྱེད་དགོས་དོན་གང་ཡིན་ནམ་ཞེས་འདྲི་སྐབས། ཁོང་གིས་བགད་མོ་དགོད་བཞིན“ང་རྒས་འཁོཌཡིན་པས་དངུལ་མང་པོ་དེ་འདྲ་དགོས་དོན་མེད། དངུལ་དེ་དག་དཀའ་ངལ་ཡོད་པའི་མིར་རོགས་རམ་བྱས་ན་ལེགས”ཞེས་ཤོད་ཀྱི་ཡོད།
             2008ལོར་དབུན་ཁྲོན་ས་ཡོམ་གྱིས་མི་ཚང་མའི་སེམས་ལ་གཡོ་འགུལ་ཐེབས་སུ་བཅུག་ཡོད། ཞལ་འདེབས་བརྒྱབ་པ་དང་སྐབས་དེ་དུས་ལྷག་པ་སྒྲོལ་མར་དངུལ་མང་པོ་མེད་པས་སྒོར་100ཞལ་འདེབས་བརྒྱབ། དེ་རྗེས་ཁོང་གི་སེམས་ལ་མི་མང་པོར་རོགས་རམ་མཁོ་བའི་སྐབས་སུ་ངས་ཞལ་འདེབས་སྒོར་100ལས་བརྒྱབ་ཐུབ་མ་སོང་ཞེས་ཤོད་ཀྱིན་གནོང་འགྱོད་ཆེན་པོ་བྱེད་ཀྱི་ཡོད། དེས་ན། ལྷག་པ་སྒྲོལ་མས་ལས་ཁུངས་ཀྱིས་རང་ཉིད་ལ་བགོས་པའི་སྡོད་ཁང་གཅིག་པུ་འདི་འཚོང་རྒྱུའི་བློ་ཐག་བཅད། སྡོད་ཁང་བཙོངས་པའི་དངུལ་ནས་མཚོ་སྔོན་ཡུལ་ཤུལ་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དང་། རྒྱ་གྲམ་དམར་རྟགས་ཚོགས་པ། ཕན་བདེ་ཁང་བཅས་ལ་དངུལ་སྒོར་ཁྲི་16ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད། 2014ལོའི་ཟླ་10ཚེས་17ཉིན་ནི་རྒྱལ་ཡོངས་ཀྱི“དབུལ་སྐྱོར་ཉིན་མོ”དང་པོ་དེ་ཡིན། ལྷག་པ་སྒྲོལ་མ་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བདེ་ཐང་སླར་གསོའི་ལྟེ་གནས་སུ་ཡོང་ནས་དབང་པོ་སྐྱོན་ཅན་20ལ་ཞལ་འདེབས་དངུལ་སྒོར་ཁྲི་1བརྒྱབ་ལ། ལོ་4ཡི་གོང་དུ་ལྷག་པ་སྒྲོལ་མས་ཀྱང་དབང་པོ་སྐྱོན་ཅན་ཚོར་སྒོར་ཁྲི་1ཞལ་འདེབས་བརྒྱབ། དངུལ་དེ་དག་ནི་ལྷག་པ་སྒྲོན་མས་ཟ་མཁས་འཐུང་མཁས་བྱས་ནས་བསགས་པའི་དངུལ་ཡིན། 2015ལོའི་ཟླ་3པར་ལྷག་པ་སྒྲོལ་མས་བརྙན་འཕྲིན་ཐོག་ནས་བོད་ལྗོངས་ཆུ་ཤུར་རྫོང་གི་སྤྱི་ཚོགས་ཕན་བདེ་ཁང་གི་རྒན་རྒོན་ཚོའི་འཚོ་བའི་ཆ་རྐྱེན་སྐྱོ་ཙམ་ཡོད་པ་མཐོང་རྗེས་སྡེ་ཁུལ་མི་དམངས་ཉེན་རྟོག་པ་དང་འབྲེལ་བ་བྱས་ཏེ་མཉམ་དུ་ཆུ་ཤུར་རྫོང་སྤྱི་ཚོགས་ཕན་བདེ་ཁང་དུ་བསྐྱོད་ནས་བསགས་པའི་དངུལ་སྒོར་ཁྲི་2ལྷག་ཙམ་ཕན་བདེ་ཁང་གི་དཀའ་ངལ་ཡོད་པའི་རྒན་རྒོན་ཚོར་བགོས་པ་རེད། འདི་ནི་ལྷག་པ་སྒྲོལ་མའི་དགེ་སྒྲུབ་ཀྱི་བྱ་བ་མང་པོའི་ཁྲོད་ཀྱི་བྱ་བ་ཆུང་ཙག་ཞིག་ཡིན། ལས་འཁྱུར་བྱས་རྗེས་ཁོང་གིས་དགེ་སྒྲུབ་ཀྱི་ལས་མཚམས་འཇོག་མྱོང་མེད།
           ལྷག་པ་སྒྲོལ་མ“ཀྲུང་གོའི་མི་བཟང་གི་མིང་བྱང”ནང་བཀོད་ཡོད།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།