༄༅།།ཀྲུང་གོ་དང་ཨེ་ཅིབ་ཀྱི་ཐོན་ནུས་མཉམ་ལས་ལས་དོན་ཚོགས་ཆུང་གིས་རྣམ་གྲངས་ཆེན་པོའི་
མཉམ་ལས་ལ་གྲོས་བསྡུར་བྱས་པ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 07ཚེས་22ཉིན། 16:38】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18དང་19ཉིན་སྐབས་གསུམ་པའི་ཀྲུང་གོ་དང་ཨེ་ཅེབ་ཀྱི་ཐོན་ནུས་མཉམ་ལས་ལས་དོན་ཚོགས་ཆུང་གིས་བརྙན་ལམ་ཚོགས་འདུ་འཚོགས་ཏེ། ཕྱོགས་གཉིས་པོས་གློག་ཤུགས་དང་། འགྲིམ་འགྲུལ། ཨེ་ཅེབ་ཀྱི་རྒྱལ་ས་གསར་པ་འཛུགས་སྐྲུན་དང་སུའུ་དབྱི་ཧྲེ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཆེན་པོའི་མཉམ་ལས་ལ་གྲོས་བསྡུར་བྱས་པ་རེད།
ད་རེས་ཀྱི་ཚོགས་འདུ་ནི་བརྙན་ལམ་ནས་སྐད་ཆ་ཤོད་རེས་བྱེད་པའི་རྣམ་པར་བརྟེན་ནས་འཚོགས་པ་དང་། ཀྲུང་གོ་དང་ཨེ་ཅེབ་ཀྱི་ཐོན་ནུས་མཉམ་ལས་ཀྱི་སྔོན་འགྲོའི་རྣམ་གྲངས་གསལ་ཐོའི་ཁྲོད་ཀྱི་རྣམ་གྲངས་18དང་ཕྱོགས་གཉིས་པོས་བཏོན་པའི་རྣམ་གྲངས་གསར་པར་དབྱེ་ཞིབ་བྱས་པ་མ་ཟད། སྐབས་རྗེས་མའི་ཀྲུང་གོ་དང་ཨེ་ཅེབ་ཀྱི་ཐོན་ནུས་མཉམ་ལས་ལམ་སྲོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་འཚོག་རྒྱུ་དང་། སྔོན་འགྲོའི་རྣམ་གྲངས་གསར་པའི་གསལ་ཐོ་ཆགས་རྒྱུར་གྲ་སྒྲིག་ཀྱང་བྱས་པ་རེད།
“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་མཛུབ་ཁྲིད་འོག་2015ལོའི་ཟླ་9པར་ཀྲུང་གོ་དང་ཨེ་ཅེབ་རྒྱལ་ཁབ་གཉིས་ཀྱིས་《ཀྲུང་གོ་དང་ཨེ་ཅེབ་ཀྱི་ཐོན་ནུས་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་》ལ་མིང་རྟགས་བཀོད་པ་རེད།