འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་ཁེན་ནི་ཡའི་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་རོགས་རམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་22ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། ཀྲུང་གོའི་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས་(ཀྲུང་གོའི་མཁའ་འགྲུལ་རྒྱལ་སྤྱི)ཁེན་ནི་ཡའི་ཤར་རྒྱུད་གྲོང་ཁྱེར་མོང་པ་ས་རུ་ཁེན་ནི་ཡ་སློབ་གསོ་པུའུ་ལ་སློབ་ཁྲིད་ཀྱི་སྒྲིག་ཆས་ཁག་གཅིག་རྩིས་སྤྲད་པ་དེ་ནི་ཀྲུང་གོ་དང་ཁེན་ནི་ཡའི་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་གན་རྒྱའི་སྒྲིག་ཆས་ཐོག་མ་དེ་རེད།
          དེ་ཉིན། དངོས་ཟོག་རྩིས་སྤྲོད་རྩིས་ལེན་མཛད་སྒོ་མོང་པ་སའི་ལས་རིགས་སློབ་གྲྭ་ཞིག་ཏུ་འཚོགས་ཤིང་། དངོས་ཟོག་གྲས་སུ་འཕྲུལ་གློག་གཞི་གཅིག་ཅན་གྱི་སྒྲིག་ཆས་དང་། ཚ་ལ་རྒྱག་ཆས། རླངས་འཁོར་ཉམས་གསོའི་སྒྲིག་ཆས་སོགས་ཡོད་པ་དེ་དག་ཁེན་ནི་ཡའི་མངའ་ཁོངས་ཀྱི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་20རུ་ཁག་བགོས་ནས་དབོར་རྒྱུ་ཡིན་པ་རེད། ཁེན་ནི་ཡའི་ཙུང་ཐུང་ཝུའུ་ཧུའུ་ལུའུ·ཁེན་ཡ་ཐ་དང་ཙུང་ཐུང་གཞོན་པ་ཝེ་ལན·ལུའུ་ཐོ་དང་དེ་བཞིན་ཁེན་ཉི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚན་ཙན་ཡའོ་མིང་དང་ཀྲུང་གོའི་མཁའ་འགྲུལ་རྒྱལ་སྤྱིའི་ཁེན་ཉི་ཡའི་འཐུས་ཚབ་ཁྲུའི་སྤྱི་ཁྱབ་འཐུས་ཚབ་གཞོན་པ་སུའུ་ཐན་ཧྲུའུ་སོགས་མཛད་སྒོར་ཞུགས་ཡོད།
         སུའུ་ཐན་ཧྲུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། 2010ལོར་ཀྲུང་གོའི་མཁའ་འགྲུལ་རྒྱལ་སྤྱིས་ཁེན་ཉི་ཡའི་སློབ་གསོ་པུའུ་དང་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་གན་རྒྱ་བཞག་ནས་ཁེན་ནི་ཡར་ལས་རིགས་སློབ་གྲྭ་10བསྐྲུན་པ་མ་ཟད་སློབ་གྲྭའི་འཆར་འགོད་དང་ཆེད་ལས་སྒྲིག་བཀོད་སོགས“སྡེབ་གཅིག་ལ་ཐག་གཅོད་བྱེད་པའི་ཇུས་གཞི”བཏོན་ཡོད། 2013ལོར། ཕྱོགས་གཉིས་པོས་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་གན་རྒྱ་བཞག་ནས་ཁེན་ནི་ཡའི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་130ལྷག་ཙམ་ལ་སྒྲིག་ཆས་མཁོ་འདོན་བྱས་པ་རེད།
          སུའུ་ཐན་ཧྲུའུ་ཡིས་དུས་ཐེངས་གཉིས་པའི་རྣམ་གྲངས་ནང་སློབ་གྲྭའི་གྲངས་འབོར་མང་བ་མ་ཟད་ཁྱབ་རྒྱ་ཆེ་བས་སྒྲིག་ཆས་རྣམས་ཁག་7ལ་ཕྱེ་ནས་རྩིས་སྤྲོད་བྱ་རྒྱུ་རེད། ད་ལྟ་ལྷག་པའི་དངོས་ཟོག་ཁག་6སྔོན་རྩིས་བྱས་ན་2018ལོའི་ལོ་མཇུག་གོང་རྩིས་སྤྲད་ཟིན་པ་བྱ་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།