འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལེ་པ་ནོན་ལ་མངགས་གཏོང་བྱས་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ས་འོག་འབར་
    མདེལ་མེད་པར་བཟོས་པར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའི་
    དཔོན་རིགས་ཀྱི་བསྔགས་བརྗོད་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་22ཉིན། 16:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན་ལེ་པ་ནོན་ལ་མངགས་གཏོང་བྱས་པའི་ཁག་16པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་ནུས་མང་བཟོ་སྐྲུན་དམག་གི་ཡན་ལག་རུ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་འོག་འབར་མདེལ་བྱ་སྤྱོད་ལྟེ་གནས་དང་རྣམ་གྲངས་ལས་དོན་ཐིང་གི་ལྟ་སྦྱོང་རྟོག་ཞིབ་དང་ལེན་བྱས་ཤིང་། ཀྲུང་གོའི་བཟོ་སྐྲུན་དཔོན་དམག་གི་བྱང་ཆུབ་པའི་ཆེད་ལས་རྩལ་ནུས་དང་། ཉམས་སད་ཐེག་པའི་ལས་ཀའི་སྤྱོད་ཚུལ། ཅུང་ལེགས་པའི་གོ་ལེན་ནུས་བཅས་ལ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་དཔོན་རིགས་ཀྱི་བསྔགས་བརྗོད་ཐོབ་པ་རེད།
            མཉམ་འབྲེལ་རྒྱལ་ཚོགས་ས་འོག་འབར་མདེལ་བྱ་སྤྱོད་ལྟེ་གནས་ཀྱི་དཔོན་རིགས་ཨའེ་སྨི་ལི་ཡིས་ཀྲུང་གོའི་བཟོ་སྐྲུན་དམག་གི་ཆེད་ལས་ཀྱི་རྩལ་ནུས་བྱང་ཆུབ་པ་དང་ཙུའུ་ཀྲང་དང་ཁོངས་མིའི་དབར་ཕན་ཚུན་གཞོགས་འདེགས་ཡག་པོ་བྱེད་པ་མི་རྣམས་ཀྱི་བློ་ལ་བབ་ཡོད་ཅེས་བཤད།
           མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའི་དཔོན་རིགས་ད་ཐེངས་བསྐྱོད་པའི་དམིགས་ཡུལ་གཙོ་བོ་ནི་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་ས་འོག་འབར་མདེལ་མེད་པར་བཟོ་བའི་བྱ་སྤྱོད་ནུས་པར་རྟོག་ཞིབ་བྱ་རྒྱུ་དེ་རེད།
           ལེ་པ་ནོན་དུ་མངགས་གཏོང་བྱས་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེར་ས་འོག་འབར་མདེལ་མེད་པར་བཟོ་བའི་ཐད་སྐད་གྲགས་ཡོད་པར་བརྟེན། “ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་སི་ལིང་པུས་དམིགས་གཏན་ཚན་པར་བརྩིས་པ་དང་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའི་ལྟ་སྦྱོང་རྟོག་ཞིབ་དང་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།