འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཁྲི་21ལ་ཆད་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་ཞིབ་པུའུ་ཡི་དྲ་ཚིགས་ཀྱིས་2017ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། 2017ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་བྱས་ཐེངས་ཁྲི་131.9དང་ལེན་དང་།  གནད་དོན་གྱི་ཁུངས་སྣེ་ཁྲི་52.1ཐག་གཅོད། གཏམ་གླེང་དང་འཕྲིན་ཐོག་འདྲི་རྩད་ཐེངས་ཁྲི་11 གྱོད་དོན་ཐོ་འགོད་ཁྲི་25.6 མི་ཁྲི་21ལ་ཆད་པ་བཅད་པ་(དེའི་ཁྲོད་དུ་མི་ཁྲི་17.6ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་)བཅས་བྱས་པ་རེད།  ཞིང་ཆེན་ནམ་པུའུ་རིམ་པའི་ལས་བྱེད་པ་མི་38དང་། ཐིང་ངམ་ཅུས་རིམ་པའི་ལས་བྱེད་པ1000ལྷག རྫོང་ངམ་ཁྲུའུ་རིམ་པའི་ལས་བྱེད་པ་8400ལྷག ཤང་ངམ་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་3.1 ལས་བྱེད་པ་དཀྱུས་མ་ཁྲི་3.9 གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི་12.9བཅས་ལ་ཆད་པ་བཅད་པ་རེད། 
         ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱས་ནས"གནས་ཚུལ་རིགས་བཞི"ལྟར་ཐག་གཅོད་་མི་ཐེངས་ཁྲི་49.2བྱས་ཤིང་། དེའི་ཁྲོད་དུ་གནས་ཚུལ་རིགས་དང་པོ་ལྟར་མི་ཐེངས་ཁྲི་27.8ཐག་གཅོད་བྱས་ཤིང་། "གནས་ཚུལ་རིགས་བཞི"ལྟར་ཐག་གཅོད་བྱས་པའི་མིའི་ཐེངས་གྲངས་བསྡོམས་འབོར་གྱི་56.6%ཟིན་པ་དང་། གནས་ཚུལ་རིགས་གཉིས་པ་ལྟར་མི་ཐེངས་ཁྲི་16.3ཐག་གཅོད་བྱས་ཤིང་33%ཟིན་པ། གནས་ཚུལ་རིགས་གསུམ་པ་ལྟར་མི་ཐེངས་ཁྲི་2.8ཐག་གཅོད་བྱས་ཤིང་5.7%ཟིན་པ། གནས་ཚུལ་རིགས་བཞི་པ་ལྟར་མི་ཐེངས་ཁྲི་2.3ཐག་གཅོད་བྱས་ཤིང་4.7%ཟིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།