འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཧི་མ་ལ་ཡའི་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩའི་ཚོགས་པ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་རི་རྩེ་གནས་པའི་ས་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་རི་མཐོན་པོ་གནས་པའི་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཆེད། ཉེ་སྔོན་བོད་ལྗོངས་ཧི་མ་ལ་ཡའི་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩའི་ཚོགས་པ་ལྷ་ས་གྲོང་ཁྱེར་དུ་བཙུགས་པ་རེད།
           བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་འགོ་འཛིན་གཞོན་པ་ཉི་མ་ཚེ་རིང་གིས་བོད་ལྗོངས་ཧི་མ་ལ་ཡའི་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩའི་ཚོགས་པ་ནི་བོད་རང་སྐྱོང་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཀུང་སི་གཉིས་ཀྱིས་མཉམ་དུ་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་རེད། ད་ལྟ་བར་དུ་བོད་ལྗོངས་ཧི་མ་ལ་ཡའི་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩའི་ཚོགས་པས་མ་དངུལ་སྒོར་ཁྲི་300ལྷག་ཙམ་གྲབས་གསོག་བྱས་ཡོད་ཅེས་མཚམས་སྦྱོར་བྱས་པ་རེད།
          བོད་ལྗོངས་ཧི་མ་ལ་ཡའི་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་དེ་ཉིད་བོད་ལྗོངས་ཧི་མ་ལ་ཡའི་རི་རྩེ་གནས་སའི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཞུགས་ཏེ་དབུལ་སྒྲོལ་ཕྱུག་སྒྱུར་ལ་ཁྲིད་སྟོན་བྱེད་རྒྱུ། ཧི་མ་ལ་ཡའི་རི་རྩེ་གནས་སའི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་འཕེལ་རྒྱས་ཁྲོད་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་མི་སྣ་དང་ཚོགས་པར་གཟེངས་བསྟོད་བྱེད་རྒྱུ་བཅས་ལ་སྤྱད་དེ་བོད་ལྗོངས་ཀྱི་རི་མཐོ་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་སྤེལ་ནུས་ལྡན་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཕྱིར་འཇོག་དགོས་པའི་བྱས་རྗེས་འཇོག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།