འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལཱ་མོ་·ནཱ་ཐེ་·ཁའོ་ཝུན་ཏེ་རྒྱ་གར་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ལཱ་མོ་·ནཱ་ཐེ་·ཁའོ་ཝུན་ཏེ།
    ལཱ་མོ་·ནཱ་ཐེ་·ཁའོ་ཝུན་ཏེ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན་རྒྱ་གར་གྱི་ཙུང་ཐུང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་རྩིས་རྒྱག་བྱས་འབྲས་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཡོངས་དམངས་གཙོའི་མཉམ་འབྲེལ་གྱི་འོས་མི་ལཱ་མོ་·ནཱ་ཐེ་·ཁའོ་ཝུན་ཏེ་(拉姆·纳特·考文德)ལ་འདེམས་ཤོག་65%ལས་བརྒལ་བ་ཐོབ་པའི་ཐོག་ནས་རྒྱ་གར་གྱི་ཙུང་ཐུང་གསར་པར་བདམས་ཐོན་བྱུང་བ་རེད།
         ཁའོ་ཝུན་ཏེ་ནི་1945ལོར་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེའི་ཁན་ཕུར་གྲོང་ཁྱེར་ཉེ་འདབས་རྫོང་གི་ཕྱུག་པོ་རང་མིན་པའི་ཁྱིམ་ཚང་དུ་སྐྱེས་ཤིང་། ཁོང་གིས་རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱེད་པར་བརྟེན་ནས་རིམ་གྲས་དམའ་བ་ནས་རིམ་བཞིན་ཆབ་སྲིད་འཚོ་བའི་རྩེ་ལ་འཛེགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཁའོ་ཝུན་ཏེ་ནི་ནཱ་ལ་ཡ་ནན་རྗེས་ཀྱི་གདོལ་རིགས་རིམ་གྲས་ནས་བདམས་ཐོན་བྱུང་བའི་རྒྱ་གར་གྱི་ཙུང་ཐུང་གཉིས་པ་རེད།
         ཁའོ་ཝུན་ཏེ་སློབ་གྲྭ་ཆེན་པོར་སློབ་གཉེར་བྱེད་སྐབས་ཁྲིམས་ལུགས་ཀྱི་ཆེད་ལས་སློབ་སྦྱོང་བྱས་པ་རེད། སློབ་གྲྭ་ཆེན་པོ་ནས་ཐོན་རྗེས་སུ། 1977ལོ་ནས་1979ལོའི་བར་དུ། ཁའོ་ཝུན་ཏེ་ཡིས་རྡི་ལི་མཐོ་རིམ་ཁྲིམས་ཁང་དུ་ལས་འགན་ཁུར་བ་དང་། 1980ལོ་ནས་1993ལོའི་བར་དུ། ཁའོ་ཝུན་ཏེ་ཡིས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་ལུགས་ཀྱི་བློ་འདོན་པའི་འགན་ཁུར་བ་རེད།
         1991ལོར། ཁའོ་ཝུན་ཏེ་རྒྱ་གར་གྱི་མི་དམངས་ཏང་དུ་ཞུགས་པ་དང་། 1994ལོ་ནས་2006ལོའི་བར་དུ། ཁའོ་ཝུན་ཏེ་ཡིས་རྒྱ་གར་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་ཁང་གོང་མའི་གྲོས་མིའི་འགན་ཁུར་བ། 2015ལོའི་ཟླ་8པར། ཁའོ་ཝུན་ཏེ་ཡིས་རྒྱ་གར་པི་ཧར་མངའ་སྡེའི་འགོ་འཛིན་གྱི་འགན་ཁུར་བ། 2017ལོའི་ཟླ་6ཚེས་19ཉིན། ཁའོ་ཝུན་ཏེ་རྒྱ་གར་མི་དམངས་ཏང་གིས་འགོ་ཁྲིད་བྱེད་པའི་རྒྱལ་ཡོངས་དམངས་གཙོའི་མཉམ་འབྲེལ་གྱིས་ཙུང་ཐུང་འོས་མིར་མིང་བཏོན་པ་རེད།
         ཁའོ་ཝུན་ཏེ་ཡིས་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་བྱེད་པའི་སྐབས་སུ། ཁོང་གིས་བྱང་ཕྱོགས་མངའ་སྡེ་སོགས་རྒྱང་རིང་ས་ཁུལ་དུ་སློབ་གསོའི་ལས་དོན་ཐེངས་མང་སྤེལ་མྱོང་བ་མ་ཟད། ཉམ་ཆུང་མང་ཚོགས་ལ་གྲོན་དངུལ་མི་དགོས་པའི་ཁྲིམས་ལུགས་ཀྱི་རོགས་སྐྱོར་ཡང་བྱས་པ་དང་། ཁོང་གིས་ད་དུང་རྒྱ་གར་མི་དམངས་ཏང་གི་གསར་འགྱུར་གཏམ་བཤད་པའི་འགན་ཡང་འཁུར་མྱོང་བ་མ་ཟད། 2002ལོར་རྒྱ་གར་གྱི་འཐུས་ཚབ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ཐོག་བརྗོད་བྱ་གཙོ་བོའི་གཏམ་བཤད་སྤེལ་མྱོང་བ་རེད། གཞན་ཡང་། ཁའོ་ཝུན་ཏེ་ཡིས་ད་དུང་རྒྱ་གར་གྱི་སྤྱི་ཚོགས་དོ་དམ་ལས་ཁུངས་མང་པོར་ལས་འགན་གལ་ཆེན་འཁུར་མྱོང་བ་རེད།
    ༄༅།།ལཱ་མོ་·ནཱ་ཐེ་·ཁའོ་ཝུན་ཏེ་རྒྱ་གར་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བ།
    ༄༅།།ལཱ་མོ་·ནཱ་ཐེ་·ཁའོ་ཝུན་ཏེ་རྒྱ་གར་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།