འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་ཀྲུང་ཨའི་ཁེ་ལས་མཁས་ཅན་དབུ་ཚོགས་ཐོག་དཔལ་འབྱོར་ཉོ་ཚོང་མཉམ་ལས་
    ཟབ་གཏོང་ཐད་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་དང་པོའི་ཀྲུང་ཨའི་ཁེ་ལས་མཁས་ཅན་དབུ་ཚོགས་ཐོག་དཔལ་འབྱོར་ཉོ་ཚོང་མཉམ་ལས་
ཟབ་གཏོང་ཐད་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་བ།
           མི་དམངས་དྲ་བའི་འཕྲིན། རེས་སྐོར་དང་པོའི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་ཐད་ཀྱི་སྐད་ཆ་ཤོད་རེས་མ་བྱས་གོང་གི་ཉིན་དང་པོར། ཀྲུང་ཨའི་ཁེ་ལས་ལས་རིགས་ཀྱི་འཐུས་མིས་ཚེས་18ཉིན་གྲོང་ཁྱེར་ཝ་ཧྲིང་ཐོན་དུ་སྐབས་དང་པོའི་ཀྲུང་ཨའི་ཁེ་ལས་མཁས་ཅན་དབུ་ཚོགས་འཚོགས་པ་རེད། རྒྱལ་ཁབ་གཉིས་པོའི་ཚོགས་ཞུགས་འཐུས་མིའི་དབར་ངོས་འཛིན་གཅིག་མཐུན་བྱུང་སྟེ་ཀྲུང་ཨའི་ཁེ་ལས་མཁས་ཅན་གྱི་དམངས་ཁྲོད་ཀྱི་ལོ་འཁོར་གྱི་སྐད་ཆ་ཤོད་རེས་ལམ་སྲོལ་ཞིག་བཙུགས་ནས་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་ཐད་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་ལ་དགེ་མཚན་ལྡན་པའི་བསམ་འཆར་བཏོན་པ་མ་ཟད། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་འཕྲད་པའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་སྟེ་ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
            སྐབས་དང་པོའི་དབུ་ཚོགས་དེ་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཨ་ལི་པ་པ་ཚོགས་པའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་མ་ཡུན་དང་ཨ་རི་ཕྱོགས་ཀྱི་ཀྲུའུ་ཞི་ཧའེ་ཧྲི་ཚོགས་པའི་ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་སུའུ་ཧྲི་མིན་གཉིས་པོས་གཙོ་སྐྱོང་བྱས་པ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་མཁས་ཅན་20དང་ཨ་རིའི་ཚོང་དོན་པུའུ་ཀྲང་ཝེའར་པོ·ལུའོ་སི་ཚོགས་འདུར་ཞུགས་ཡོད་པ་རེད།
          མ་ཡུན་དང་སུའུ་ཧྲི་མིན་གཉིས་པོས་ཚོགས་འདུ་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་། “ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་དང་ཡང་འབྲེལ་བ་ཡོད”ཅེས་བརྗོད། གསལ་བསྒྲགས་ནང་། “ཀྲུང་ཨ་རྒྱལ་ཁབ་གཉིས་དབར་དཔལ་འབྱོར་ཕན་ཚུན་གསབ་རེས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་ལྡན་པ་དང་། ལྷག་པར་དུ་དེང་སྐབས་ཀྱི་ཚན་རྩལ་འཕེལ་རྒྱས་མྱུར་པོ་སོང་བ་དང་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་གྱི་རྒྱབ་ལྗོངས་འོག་ཕྱོགས་གཉིས་པོའི་ཁེ་ལས་མཁས་ཅན་གྱིས་མཉམ་ལས་གོ་སྐབས་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་མཐོང་ཐུབ་ལ། ཀྲུང་ཨ་རྒྱལ་ཁབ་གཉིས་དབར་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཡག་པོ་འཛུགས་པ་ལས་འཛམ་གླིང་དཔལ་འབྱོར་ལ་ལྡན་པའི་དོན་སྙིང་ཡང་མཐོང་ཐུབ”ཅེས་ནན་བཤད་བྱས།
           གསལ་བསྒྲགས་ནང་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་། ཚད་གཞི། ཤེས་བྱའི་བདག་དབང་སྲུང་སྐྱོང་། གཞུང་དྲང་། སྒོ་དབྱེ་བཅས་ཀྱི་ཁྲོམ་རའི་ཆོག་འཐུས་དང་དེ་བཞིན་དཔལ་འབྱོར་འཕར་རྒྱུ་དང་ལས་ཞུགས་ཀྱི་བརྒྱུད་རིམ་དང་བྱེད་ཐབས་སོགས་ལ་ཕན་པ་མེད་པའི་ཆ་ལེགས་སུ་བཏང་ནས་མཉམ་ལས་དང་འབྲེལ་གཏུགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས་པ་རེད།
          མཉམ་འབྲེལ་གསལ་བསྒྲགས་ནང་། “འདས་ཟིན་པའི་ལོ་བཅུ་ཕྲག་འགའ་ཞིག་གི་རིང་། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དེ་ཉིད་ཉོ་ཚོང་གཙོ་བོ་བྱེད་པ་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་བར་ཕྱོགས་སྒྱུར་བྱས་ཡོད། ང་ཚོས་ཀྲུང་ཨའི་དབར་ཕྱོགས་ཡོངས་ཀྱི་སྐད་ཆ་ཤོད་རེས་དང་མཉམ་ལས་འབྲེལ་བ་འཛུགས་རྒྱུར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དེས་ཀྲུང་ཨ་རྒྱལ་ཁབ་གཉིས་ལ་ཁེ་ཕན་ཧ་ཅང་ཆེན་པོ་ཐོབ་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་ནན་བཤད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།