འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེའི་ཀོན་ཐའོ་རྫོང་གི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་ནས་གནད་སྨིན་དབུལ་སྐྱོར་ལ་
    རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧོ་པེའི་ཀོན་ཐའོ་རྫོང་གི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་ནས་གནད་སྨིན་དབུལ་སྐྱོར་ལ་
རམ་འདེགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། 2014ལོ་ནས་བཟུང་། ཧོ་པེ་ཞིང་ཆེན་ཀོན་ཐའོ་རྫོང་གིས་དབུལ་སྐྱོར་གསར་སྤེལ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། “དམངས་ཀྱི་འདོད་བློར་བརྩི་འཇོག་དང་། ཐོན་ལས་རྒྱ་སྟོབས་ཆེར་གཏོང་། སྒྱུར་བཀོད་རིམ་སྤོར”བཅས་ཀྱི་བསམ་བློ་གཞིར་བཟུང་། ནོར་སྲིད་ཀྱི“འབོར་ཉུང་མ་དངུལ”ལས་སྤྱི་ཚོགས་ཀྱི་མ་རྩ་ཆེན་པོ་སྐོང་འཐེན་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྲུ་རིགས་ཀྱི་རི་མོ་བཀོད་པའི་གྲོང་རྡལ་ཆུང་ངུ་དང་། ཧོང་ཀྭ་གྲོང་རྡལ་ཆུང་ངུ་། རྩྭ་རྩི་ཤིང་དང་མེ་ཏོག་གི་གྲོང་རྡལ་ཆུང་ངུ་སོགས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཁག་གཅིག་བཏོད་ཡོད། གྲོང་རྡལ་ཆུང་ངུ་དེ་དག་བསྐྲུན་པས་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ཐོན་ལས་ཡར་ངོའི་ཟླ་ལྟར་གོང་འཕེལ་ཕྱིན་ནས་གནད་སྨིན་དབུལ་སྐྱོར་གྱི་གཞི་རྟེན་ནུས་ལྡན་ཞིག་ཏུ་གྱུར་ཞིང་།
      

    ཕྱོགས་བསྡུས་གསར་འགྱུར།