འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱི་མྱུར་བགྲོད་མེ་འཁོར་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། མྱུར་བགྲོད་ལྕགས་ལམ་ཁག་7གྱི་སྐྱེལ་འདྲེན་ལམ་ཚད་སྤྱི་ལེ་1751ཟིན་པ་དང་། ཤུགས་འགྲེམས་མེ་འཁོར་གྱི་གྲངས་ཚད་100ལས་བརྒལ་བ། རང་སྐྱོང་ལྗོངས་དང་གྲོང་ཁྱེར་12སུ་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པ། ཉིན་ལྟར་ཤུགས་འགྲེམས་མེ་འཁོར་211.5གཏོང་བ་སོགས། དུས་ཐུང་ལོ་གསུམ་ལྷག་ཙམ་ནང་ཀོང་ཤིས་ལ་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་གཏོང་བའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། གྲུབ་འབྲས་ཀྱི་རྒྱབ་ཏུ་སྒྱུར་བཅོས་ནི་སྒུལ་ཤུགས་གཙོ་བོ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་ཀོང་ཤིས་ཀྱིས་འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་དང་ལྕགས་ལམ་མགྱོགས་མྱུར་བསྐྲུན་རྒྱུའི་གྲོས་མཐུན་རབ་དང་རིམ་པ་བཞག་ཡོད་ལ་ཀོང་ཤིས་ཀྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་གཞི་ཡང་བཏིང་ཡོད། ནན་ཉིང་ལྕགས་ལམ་ཅུས་ཀྱིས་ཀོང་ཤིས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་དམ་ཟབ་བྱས་ཏེ་རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་དང་ཐབས་ཤེས་ཐོག་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཀོང་ཤིས་ཀྱི་ས་གཞི་ཆེན་པོར་ཀོང་ཤིས་ལྕགས་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་གི་འགྱུར་ལྡོག་ཆེ་ཤོས་དང་། ཡར་རྒྱས་འགྲོ་མགྱོགས་ཤོས། འཕེལ་རྒྱས་ལེགས་ཤོས་བཅས་ཀྱི་དུས་སྐབས་ཤིག་བཏོད་པ་མ་ཟད། ད་དུང་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་དེང་རབས་ཅན་གྱི་ལམ་དྲའི་བཀོད་པ་ཞིག་ཀྱང་ཆགས་ཡོད།
         ལྕགས་ལམ་བསྐྲུན་རྗེས་དོ་དམ་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་ནི་འགག་རྩ་ཡིན། ནན་ཉིང་ལྕགས་ལམ་ཅུས་ཀྱིས་ལྕགས་ལམ་གྱི་ཚུགས་ཐིག་གི་ནུས་པར་བརྟེན་པ་དང་། ཡུལ་སྐོར་བའི་ཕྱིར་སྐྱོད་གོམས་གཤིས་དང་ཟུང་འབྲེལ་བྱེད་པ། “སྐྱོད་མང་བའི་ཁ་ཕྱོགས་དང་། བར་མཐོངས་ས་ཁོངས། གཙོ་གནད་དུས་མཚམས”བཅས་ཀྱི་གཙོ་གནད་ཆེན་པོ་གསུམ་པ་ལ་དམ་པོར་དམིགས་པ་བཅས་བྱས་ཤིང་། ལོ་གསུམ་ལྷག་ཙམ་ནང་ཡུལ་སྐོར་མེ་འཁོར་གྱི་འཁོར་སྐྱོད་ས་བཀྲ་སྔ་རྗེས་སུ་ལེགས་སྒྲིག་ཐེངས་30བྱས་ནས་མི་དམངས་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད། མེ་འཁོར་སྤ་སེ་འཚོང་བའི་དྲ་རྒྱ་སྐྲུན་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ་ཅུས་དེ་ཡོངས་སུ་སྐར་ཁུང་དང་། ཚབ་ཚོང་ཁང་། རང་འགུལ་སྤ་སེ་འཚོང་ས་སོགས་མེ་འཁོར་སྤ་སེ་འཚོང་བའི་དྲ་ཚིགས་455བཙུགས་པ་ལས་ཀོང་ཤིས་ལྗོངས་ཡོངས་ཀྱི་སྲིད་འཛིན་ཆུས་དང་རྫོང་110ཚང་མར་ཁྱབ་ཡོད་ལ་ཐག་ཉེ་ས་ནས་སྤ་སེ་ཉོ་བའི་ཡུལ་སྐོར་བའི་དགོས་མཁོ་ཡང་བསྐངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།