འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་ཆེ་གྲས་བཅུའི་ཨང་རིམ་ཡོངས་
    བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན“2017ཤིན་ཧྭ་·པུའོ་ལུའོ་ཏི་རྒྱ་མཚོའི་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་འཕེལ་རྒྱས་སྟོན་གྲངས”དེ་ཧྲང་ཧའེ་རུ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་ཕྱོགས་བསྡུས་གདེང་འཇོག་གྲུབ་འབྲས་ལས་མངོན་པ་ལྟར་ན། 2017ལོའི་གོ་ལ་ཧྲིལ་པོའི་ཕྱོགས་བསྡུས་དངོས་ཤུགས་ཀྱི་མདུན་གྲལ་བཅུར་སླེབས་པའི་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་ནི་སིང་ཀ་ཕོར་དང་། ལོན་ཏོན། ཤང་ཀང་། ཧན་པའོ། ཧྲང་ཧའེ། ཏི་པའེ། ཉིའུ་གཡོད། ལུའུ་ཐ་ཏན། ཐོ་ཁེའོ། ཨ་ཐེན་སི་བཅས་རེད། དེའི་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཧྲང་ཧའེ་དང་ཏི་པའེ་ཡིས་རང་མོས་ཉོ་ཚོང་ཁུལ་གྱི་གསར་གཏོད་སྐུལ་གཏོང་གི་ཕན་འབྲས་ལ་བརྟེན་ནས་ཨང་རིམ་འཐབ་ཇུས་རང་བཞིན་གྱི་སྒོ་ནས་མདུན་དུ་སླེབས་ཏེ་ཨང་ལྔ་པ་དང་དྲུག་པ་སོ་སོར་འཕར་ཡོད། དཔལ་འབྱོར་འཕར་ཚད་དམའ་བའི་ཡོ་རོབ་ས་ཁུལ་དུ“རྒྱུད་གཅིག་ལམ་གཅིག”གི་ཕན་འབྲས་ཐོབ་ནས་མཚོ་ཐོག་སྐྱེལ་འདྲེན་གྱི་ཉོ་ཚོང་བལྟོས་བཅས་ཀྱིས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། ཧན་པའོ་གྲུ་ཁའི་ཨང་རིམ་མུ་མཐུད་ཨང་བཞི་པར་སླེབས་ཡོད།
         གོ་ལ་ཧྲིལ་པོར་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་མདུན་གྲལ་བཅུ་ཡོད་པ་ནི་ཨེ་ཤེ་ཡར་5དང་། ཡོ་རོབ་ལ་4 མེ་གླིང་ལ་1བཅས་སོ་སོར་རེད། མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་དཔེ་མཚོན་རང་བཞིན་གྱི་གྲོང་ཁྱེར་ཚང་མ་ཨེ་ཤེ་ཡ་དང་ཡོ་རོབ་ཏུ་གཅིག་སྡུད་བྱས་ཡོད་པ་ནི་18དང་12ཁག་སོ་སོ་རེད། ཁྱོན་ཡོངས་ནས་བལྟས་ན། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་ཆེ་ཁག་འཕེལ་རྒྱས་ཧ་ཅང་མྱུར་པོ་བྱུང་བ་དང་ལྷག་པར་དུ་ཨེ་ཤེ་ཡའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་དར་རྒྱས་གོང་འཕེལ་འགྲོ་ཚུལ་སྔར་བས་མངོན་གསལ་དོད་པོ་བྱུང་ཡོད།
         འདི་ལོའི་སྟོན་གྲངས་ཀྱི་ཕྱོགས་བསྡུས་གདེང་འཇོག་མ་ལག་གི་བཀྲག་མདངས་འཚེར་ས་ཆེན་པོ་ནི། རྣམ་གྲངས་ཚོགས་ཆུང་གིས་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་རིགས་དབྱེའི་ཚད་གཞི་གསར་པ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་པ་དེ་སྲོལ་རྒྱུན་གྱི་ཤེས་རྟོགས་རྣམ་པ་དང་། གསར་གཏོད་ཀྱི་སྣེ་ཁྲིད་རྣམ་པ་། མི་མངོན་པའི་སྟོབས་ཤུགས་ཀྱི་འཕེལ་རྒྱས་རྣམ་པ་བཅས་ཀྱི་ལྟ་ཞིབ་སྐར་ཁུང་གསུམ་སོ་སོ་ནས་གོ་ལ་ཧྲིལ་པོའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་བར་མཐོངས་གནས་ཚད་ལ་དེ་བས་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་ལྟ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།