འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དོག་སྡེ་ཤང་དངུལ་པར་གྲོང་ཚོས"ལྷ་སའི་མི་ཚང"ཞེས་པའི་སྤུས་རྟགས་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དོག་སྡེ་ཤང་དངུལ་པར་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ལས་དོན་རུ་ཁག་གི་སྣེ་ཁྲིད་དང་རོགས་རམ་འོག་ཁུལ་དེས་ཡུལ་སྐོར་ཐོན་ཁུངས“ལྷ་སའི་མི་ཚང”ཞེས་པའི་སྤུས་རྟགས་ཧུར་ཐག་བཏོད་པ་དང་ཤང་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ལས་ཁྱིམ་འཛིན་མ་ཚོ་ཡང་བྲེལ་འགོ་ཚུགས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་རྣམས་ཡུལ་སྐོར་ལས་རིགས་སུ་ཞུགས་ནས་ཡོང་འབབ་གསོག་རྒྱུའང་བྱུང་ཡོད།
         2011ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་གཤམ་གཏོང་བྱས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གིས་ལས་ཀའི་ལས་འགན་ཁག་བདུན་ལེགས་པར་བསྒྲུབས་པ་དང་ཆབས་ཅིག་དོག་སྡེ་ཤང་དངུལ་པར་གྲོང་ཚོའི་ཡུན་སྐོར་ཐོན་ཁུངས་ལེགས་པར་སྤྱད་དེ“ལྷ་སའི་མི་ཚང”ཞེས་པའི་སྤུས་རྟགས་བཏོད་པ་རེད།
         “‘ལྷ་སའི་མི་ཚང’ནི་ས་གནས་དེ་གའི་མང་ཚོགས་ཀྱི་ཁྱིམ་ཚང་ལ་བརྟེན་ཏེ་ཡུལ་སྐོར་བར་བོད་པའི་འཚོ་བ་དངོས་རྒྱུས་མངའ་དང་མྱོང་རོལ་གཏིང་ཟབ་བྱེད་དུ་འཇུག་པ་དམིགས་ཡུལ་དུ་བྱས་ཏེ་བཏོད་པའི་སྤུས་རྟགས་ཤིག་རེད། ད་ཆ་ཁྱིམ་ཚང་དྲུག་ལ‘ལྷ་སའི་མི་ཚང’ཞེས་འབོད་ཀྱིན་ཡོད”ཅེས་དོག་སྡེ་ཤང་དངུལ་པར་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་མི་བསོད་ནམས་བདེ་སྐྱིད་ཀྱིས་བཤད།
         ལས་དོན་ཚོགས་ཆུང་གིས་ད་དུང་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་འཆར་གཞི་བཀོད་དེ“ལྷ་སའི་མི་ཚང”འཕེལ་རྒྱས་དང་སྟོབས་ཆེར་བཏང་ཞིང་། 2012ལོར་མ་དངུལ་སྒོར་ཁྲི་130བཏང་ནས་ཡུལ་སྐོར་སྤྲོ་གསེང་ལྟ་སྐོར་གླིང་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་314བརྩོན་ལེན་བྱས་ཏེ་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བར་སྤྱད་ནས་ཡུལ་སྐོར་སྣེ་ལེན་གྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་བ། 2012ལོར་མ་དངུལ་སྒོར་ཁྲི་50བཏང་ནས“སེམས་རྩ་འཁོལ་བའི་བོད་པའི་ཁྱིམ་ཚང”10ཡི་སྣེ་ལེན་ཁོར་ཡུག་ལེགས་སུ་བཏང་བ། 2015ལོར་མ་དངུལ་སྒོར་ཁྲི་13བཏང་སྟེ“ལྷ་སའི་མི་ཚང”3གྱི་སྣེ་ལེན་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་བ། 2013ལོར་གྲོང་ཚོའི“སེམས་རྩ་འཁོལ་བའི་བོད་པའི་ཁྱིམ་ཚང”དང་པོ་གཉེར་སྐྱོང་བྱེད་འགོ་ཚུགས་པ། 2015ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱི་ཚ་ཚ་རྟེན་རྫས་རིག་གནས་བཤམས་མཛོད་ཁང་ཐོག་མ་བཙུགས་པ་ལ་སོགས། མིག་སྔར་གྲོང་ཚོ་ཡོངས་སུ་མཁའ་འགྲོ་ཚང་གི་ལྷ་སའི་མི་ཚང་དང་སློབ་དཔོན་ཆུ་འཁོར་གྱི་ལྷ་སའི་མི་ཚང་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས་15ཡོད་པ་དེས་དམངས་སྲོལ་རིགས་གཅིག་མཁས་ཅན་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་འགུག་པའི་ཐད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།