འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས“ཤོག་མེད་ཅན་གྱི་འགག་སྒྲོལ་སྙན་ཞུའི”དུས་
    རབས་ཕྱོགས་ཡོངས་ནས་བསུས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
              མི་དམངས་དྲ་བའི་འཕྲིན། འདི་ལོ་ནས་བཟུང་། ལྷ་ས་འགག་སྒོས་འགག་སྒོ་སྒྲོལ་བའི་ལས་སྒྲུབ་ཤོག་མེད་ཅན་གྱི་སྒྱུར་བཅོས་དེ་ཕྱིར་གཏོང་ནང་འདྲེན་གྱི་ལྷུ་ཚིགས་སུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཟླ་རེར་ཤོག་མེད་ཅན་གྱི་བསྡུར་གྲངས་ཆ་སྙོམས་བྱས་ན་96%ཡན་ཟིན་ཡོད་པ་རེད།
              བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་ལྷ་ས་འགག་སྒོའི་འགག་སྒོ་སྒྲོལ་བའི་ལས་སྒྲུབ་ཀྱི་ཤོག་མེད་ཅན་གྱི་འགག་སྒྲོལ་སྙན་ཞུའི་བསྡུར་གྲངས་98.3%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་21.1%མཐོ་རུ་ཕྱིན་པ་དང་། ཤོག་མེད་ཅན་གྱི་འགག་སྒོ་སྒྲོལ་བའི་ནང་ཞུགས་མཁན་ཁེ་ལས་ཀྱིས་བསྡུར་གྲངས་བཟུང་ཚད་95.8%ཟིན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་འགག་སྒྲོལ་སྙན་ཞུ་དེ“ཤོག་མེད་ཅན་གྱི”དུས་རབས་སུ་ཕྱོགས་ཡོངས་ནས་སྐྱོད་འགོ་ཚུགས་ཡོད་པ་རེད།
             ལྷ་ས་འགག་སྒོས་ཤོག་མེད་ཅན་གྱི་འགག་སྒོ་སྒྲོལ་བའི་སྒྱུར་བཅོས་ཁྱབ་སྤེལ་བྱས་ཚུན། ཁེ་ལས་ཕྱིར་སྐྱོད་མི་དགོས་པར་དྲ་སྦྲེལ་གྱི་དུད་སྣེ་བརྒྱུད་འགག་སྒོར་རྒྱང་ཁྲིད་རེ་ཞུ་བྱས་ན་འགྲིག་པ་མ་ཟད་གྲངས་གཞིའི་འབྱོར་འཛིན་ཡང་དང་ལེན་བྱེད་ཆོག་གི་ཡོད་པ་རེད། ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་ཆེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བོད་ལྗོངས་འགག་སྒོས་གན་རྒྱ་དང་། བཙོངས་འཛིན། དོས་སྒམ་འཛིན་ཤོག་སོགས་འཛིན་ཤོག་གི་ཤོག་མེད་ཅན་གྱི་བརྒྱུད་རིམ་ཡང་སྟབས་བདེ་རུ་བཏང་བས། རྙོག་འཛིང་ཆེ་བའི་ཤོག་བུའི་གཅིག་ཆོད་དཔང་འཛིན་ཉུང་དུ་ཕྱིན་པ་དང་འགག་སྒོ་སྒྲོལ་བའི་ལས་ཆོད་ཆེ་རུ་ནུས་ལྡན་ཕྱིན་ནས“ཁེ་ལས་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་མི་དགོས་པ་དང་གྲངས་གཞིའི་ཆ་འཕྲིན་མང་ཙམ་གཏོང་སྤེལ་བྱེད་པའི”སྒྱུར་བཅོས་ཀྱི་ཕན་འབྲས་ཆེ་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།