འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མི་རིགས་སློབ་ཆེན་གྱིས“ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པ་ཞིབ་
    འཇུག་སློབ་སྦྱོང་ཁང”སློབ་མའི་རིགས་གཞུང་ཚོགས་པ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན་གྱི་ཕྱི་དྲོ་མཚོ་སྔོན་མི་རིགས་སློབ་ཆེན་ཆབ་སྲིད་སློབ་གླིང་གི“ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པ་ཞིབ་འཇུག་སློབ་སྦྱོང་ཁང”སློབ་མའི་རིགས་པའི་གཞུང་ལུགས་ཚོགས་པ་བཙུགས་པ་རེད།
            སློབ་གྲྭ་དེའི་ཆབ་སྲིད་སློབ་གླིང་གི་ཏང་ཙུའི་ཀྲི་པུའུ་ཧྲུའུ་ཅི་རུང་ཙེང་ཅུས་ཀྱིས“དེ་ནི་ན་གཞོན་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་འཚམ་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཆབ་སྲིད་རིག་པའི་ཆེད་ལས་སློབ་མའི་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་རེད”ཅེས་བརྗོད། ཚོགས་པའི་འགན་ཁུར་བར་བདམས་པའི་སློབ་མས་གཏམ་བཤད་སྤེལ་སྐབས་ཚོགས་པའི་སློབ་མ་43གྱིས་དད་མོས་དང་། བརྩེ་སེམས། འགན་འཁྲི་བཅས་བློ་ལ་བཅངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལས་བསམ་པའི་འཚོ་བཅུད་བླངས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཟབ་ཏུ་བཏང་ནས་རང་ཉིད་ཀྱི་མི་ཚེའི་ལམ་བུར་ཡག་པོ་བསྐྱོད་རྒྱུ་ཡིན་ཞེས་བཤད།
             མཚོ་སྔོན་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཡན་ཝུའུ་ཡིས“ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པ་ཞིབ་འཇུག་སློབ་སྦྱོང་ཁང”བཙུགས་པ་དེ་ནི་སློབ་གྲྭས་རྒྱལ་ཡོངས་དང་ཞིང་ཆེན་དེའི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། དེའི་དམིགས་ཡུལ་ནི་སློབ་གྲྭ་ཆེ་མོ་བའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་ཆེ་མོ་བའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྐང་འཛིན་པ་གསོ་སྐྱོང་བྱེད་པ་དང་། སློབ་གྲྭ་ཆེ་མོ་བའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་བྱ་ཡུལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པ་རྒྱ་ཆེའི་སློབ་གྲྭ་ཆེ་མོ་བ་ཚོའི་སེམས་ལ་ཟུག་པ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་བརྗོད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་མི་རིགས་སློབ་ཆེན་ནི་མཚོ་སྔོན་དུ་འཛུགས་སྔ་ཤོས་ཀྱི་མཐོ་སློབ་དང་ཀྲུང་གོ་གསར་པར་སློབ་གྲྭ་འཛུགས་སྔ་ཤོས་ཀྱི་མི་རིགས་སློབ་གླིང་གི་གྲས་ཤིག་དང་། རྒྱལ་ཡོངས་སུ་རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་ཚན་པ་ཁག་དང་པོ་དེ་རེད། སློབ་གྲྭ་དེར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་རྒྱ་རིགས་དང་། བོད་རིགས། ཧུད་རིགས། ཧོར་རིགས། ས་ལར་རིགས། སོག་རིགས་སོགས་མི་རིགས་31གི་སློབ་མ་སློབ་སྦྱོང་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།