འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་གཅིག་གྱུར་གྱི་འཕྲུལ་སྒུལ་འཁོར་རིགས་ཨང་རྟགས་འདེམས་པའི་མ་
    ལག་སྤྱོད་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཞིང་ཆེན་དེར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་དོ་དམ་སྒྱུར་བཅོས་ཀྱི་སྲིད་ཇུས་གསར་པ་ལག་ལེན་བསྟར་ནས་གཅིག་གྱུར་གྱི་ཨང་རྟགས་འདེམས་པའི་མ་ལག་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད།
             མ་ལག་དེར་ཁྱད་ཆོས་གཙོ་བོ་འདི་དག་ལྡན་ཡོད་དེ། གཅིག་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འདེམས་པའི་མ་ལག་རྒྱལ་ཡོངས་དང་གཅིག་གྱུར་ཡིན་པ་སྟེ། ཨང་རྟགས་ཚང་མ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་ནས་ཨང་རྟགས་སྤྲོད་པ་ཡོངས་བསྒྲགས་དང་། དྲང་གཞག གཞུང་དྲང་བཅས་ཡོང་བའི་འགན་ལེན་ཐུབ་པ་དང་། གཉིས་ནས་ཨང་རྟགས་གཅིག་ལས་མེད་པ་དང་དེ་ཕུགས་འདེད་ཐུབ་རྒྱུ་མངོན་འགྱུར་བྱུང་བ་སྟེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཨང་རྟགས་རྫུས་མ་དང་ཆ་འཕྲིན་རྫུས་མར་རྩད་གཅོད་དང་རྡུང་རྡེག་གཏོང་བའི་ཆ་འཕྲིན་ཅན་དང་གནད་འཁེལ་ཅན་གྱི་ནུས་པ་ཆེ་རུ་གཏོང་ཐུབ། གསུམ་ནས་ལག་བརྒྱུད་རླངས་འཁོར་གྱི་དེ་སྔའི་ཨང་རྟགས་ཉར་ཁོངས་ཆེ་རུ་གཏོང་ཐུབ་པ་སྟེ། དེ་སྔའི་རླངས་འཁོར་བདག་པོས་ལོ་གཅིག་རིང་བེད་སྤྱོད་བྱེད་པའི་རེ་ཞུ་མ་བྱས་པའི་ཨང་རྟགས་རིགས་རང་འགུལ་ངང་གདམ་བྱའི་ཨང་རྟགས་གྲས་སུ་ཚུད་དེ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ། བཞི་ནས་དེ་སྔའི་རླངས་འཁོར་གྱི་ཨང་རྟགས་རེ་ཞུ་བྱེད་ཡུན་ལེགས་སྒྲིག་བྱ་རྒྱུ་སྟེ། དེ་སྔའི་འཕྲུལ་སྒུལ་འཁོར་རིགས་སྤྱོད་ཡུན་ལོ་གསུམ་བརྒལ་ཚེ་རླངས་འཁོར་དེའི་ཨང་རྟགས་ཉར་རྒྱུའི་རེ་ཞུ་བྱ་ཆོག་པའི་བླང་བྱ་དེ་སྤྱོད་ཡུན་ལོ་གཅིག་བརྒལ་རྗེས་ཉར་རྒྱུའི་རེ་ཞུ་བྱ་ཆོག་པར་བཟོས་པ་དང་། དེ་དང་ཆབས་ཅིག་དེ་སྔའི་ཨང་རྟགས་ཉར་རྒྱུའི་རེ་ཞུའི་དུས་མཚམས་དེ་ལོ་གཅིག་ནང་བྱ་ཆོག་པར་བཟོས་པ། ལྔ་ནས་ཨང་རྟགས་ས་གནས་ས་ཐོག་ཏུ་བཟོས་ནས་སྤྲོད་ཐུབ་པ་སྟེ། འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་བྱེད་ཚད་ཆ་སྙོམས་ཉིན་རེར་100ལས་བརྒལ་བའི་ས་ཁུལ་གྱིས་ས་གནས་ས་ཐོག་ཏུ་ཨང་རྟགས་བཟོ་བའི་ས་ཚིགས་མང་དུ་བཏང་ཡོད། དྲུག་ནས་དམིགས་བཙུགས་ཨང་རྟགས་སྔོན་ཉར་བྱེད་པའི་གནད་དོན་གཏན་འགོག་ཐུབ་པ་སྟེ། གཅིག་གྱུར་གྱི་ཨང་རྟགས་འདེམས་པའི་མ་ལག་དེས་ལག་རྩལ་ནས་ཨང་རྟགས་གཏན་འཁེལ་དང་སྔོན་ཉར་བྱེད་པའི་ནུས་པ་མེད་པར་བཟོས་པས། དཔུང་ཁག་སྤྱོད་གཙང་ཡོང་བའི་འགན་ལེན་བྱས་པ་མ་ཟད་ངོ་སོའི་འབྲེལ་བ་ཡང་ཆད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།