འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཚུལ་མིན་སྤྱོད་ཚུལ་
    དང་རུལ་སུངས་ཀྱི་གནད་དོན་67བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚུགས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་67བརྡ་ཁྱབ་བཏང་བ་རེད།
            བརྡ་ཁྱབ་བྱས་པའི་གྱོད་གཞི་དག་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་29དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དུ་ཐོན་པ་ཞིག་རེད། བརྡ་ཁྱབ་བྱས་པའི་གྱོད་གཞིའི་ནང་། “རྒྱལ་ཁབ་ཀྱི་ས་བཟུང་ཁ་གསབ་རོགས་དངུལ་ཁ་བསླུས་བརྒྱབ་པ”དང་། “རྨོ་བསྐྱུར་ནགས་གསོའི་མ་དངུལ་གཡོ་ལེན་བྱས་པ” “ཉེན་ཆེའི་སྡོད་ཁང་སྒྱུར་བཀོད་མ་དངུལ་བཙན་ཉར་དང་ཧམ་བཟུང་བྱས་པ” “ཞིང་ཕན་འབྲོག་ཕན་གྱི་ཁ་གསབ་རོགས་དངུལ་གཡོ་ལེན་བྱས་པ”སོགས་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་ཧམ་སྤྱོད་བྱས་པའི་གྱོད་གཞི་35ཡོད་པ་དེས་བརྡ་ཁྱབ་བྱས་པའི་བསྡོམས་འབོར་གྱི་ཕྱེད་ཡན་བཟུང་ཡོད། གཞན་ཡང་དབུལ་སྐྱོར་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་8ཡོད་པ་དཔེར་ན། “དུད་ཚང་དབུལ་པོ་རང་མཚམས་ཀྱིས་དམིགས་འཛུགས་བྱས་པ”དང་། “ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཁ་གསབ་རོགས་དངུལ་གཡོ་ལེན་བྱས་པ” “གྲོང་མིའི་དབུལ་སྐྱོར་དངོས་རྫས་གཏན་འབེབས་ལས་འགལ་ནས་ཧམ་ལེན་བྱས་པ”ལ་སོགས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།