འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་རིང་མྱུར་སྐྱེལ་ལས་སྒོ་སྒྲུབ་ཚད་དུས་མཚུངས་ལས་བཅུ་ཆ་གསུམ་ལྷག་ཙམ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་《2017ལོའི་དུས་ཚིགས་གཉིས་པའི་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་ཀྱི་སྙན་ཞུ་》ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོ་སྒྲུབ་ཚད་མཐོ་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་དུས་མཚུངས་ལས་འཕར་ཚད་30%ཡས་མས་སུ་བརྟན་པོ་བྱུང་ཡོད། འདི་ལོའི་དུས་ཚིགས་གཉིས་པར་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་བཟང་པོ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་ཕྱིན་ནས་ཞབས་འདེགས་ཞུ་ཡུལ་དབུས་ནུབ་རྒྱུད་ཀྱི་ས་ཁུལ་དང་གྲོང་གསེབ་ས་ཁུལ་དུ་སྔར་བས་རྒྱ་ཆེར་སོང་བ་དང་། གྲོང་གསེབ་ཀྱི་མྱུར་སྐྱེལ་ལས་སྒོ་དེ་ཉིད་འཕར་གཞི་གསར་པར་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།