འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཁུལ་གྱི་རྣམ་གྲངས་མང་པོ་ཞིག་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་དྲ་ཐོག་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་དཀར་མཛེས་ཁུལ་གྱིས“དབུལ་སྒྲོལ་འགག་སྒྲོལ་འཐབ་ཇུས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཚོགས་འདུའི་ནང་མིག་སྔར། དཀར་མཛེས་ཀྲོའུ་ཡིས་དངུལ་རྩའི་མ་དངུལ་སྒོར་དུང་ཕྱུར་200ལྷག་ཙམ་བཏང་ནས་རྣམ་གྲངས་1800ལྷག་ཙམ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་ཡོད་ཅེས་གསལ་བཤད་བྱས་པ་རེད།
         དཀར་མཛེས་ཁུལ་གྱིས་སྐྲུན་འགོ་བཙུགས་པའི་རྣམ་གྲངས་1800ལྷག་ཙམ་གྱི་ནང་དམངས་འཚོའི་ཞན་ཆ་སྔར་བས་གསབ་སྟེ་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་དམངས་འཚོའི་འདུ་འགོད་མང་པོ་ཞིག་སྐྲུན་བཞིན་ཡོད་པའི་ནང་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་། བུ་བཅོལ་ཁང་41དང་གྲོང་ཚོའི་འཕྲོད་བསྟེན་ཁང་319བསྐྲུན་པ། ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་རྣམ་གྲངས་བཅས་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་མཐོར་གཏོང་དང་། གྲོང་ཚོ་དབུལ་པོ་191ལ་ཨར་འདམ་ལམ་བསྐྲུན་རྒྱུར་སྐུལ་འདེད། མི་འབོར་དབུལ་པོའི་བདེ་འཇགས་འཐུང་ཆུ་བཅས་དང་། གྲོང་ཚོ་དབུལ་པོའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་དང་གྲོང་ཚོ་དབུལ་པོའི་འཕྲིན་གཏོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད།
         དཀར་མཛེས་ཁུལ་ནི་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ཡི་གྲས་ཤིག་དང་སི་ཁྲོན་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི“ཡུག་འབྲེལ་ཆེ་གྲས་བཞིའི”གྲས་ཤིག་ཡིན།
         འདི་ལོ་དཀར་མཛེས་ཁུལ་གྱིས“ལྕགས་ཟམ་རྫོང་གི་དབུལ་ཞྭ་འབུད་པ་དང་། གྲོང་ཚོ་དབུལ་པོ་366དབུལ་སྒྲོལ་དང་། དུད་ཚང་11787གྱི་མི་འབོར་དབུལ་པོ་48524དབུལ་སྒྲོལ་ཐུབ་པའི”ལོ་འཁོར་གྱི་དམིགས་ཚད་བཟོས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་དཔྱིད་དུས་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པོ་དང་དབྱར་དུས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྒྲུབ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།