འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་བྷེ་ཨུ་རུ་སུའི"མཉམ་འབྲེལ་ལག་ཕུབ་2017"ཞེས་པའི་མཉམ་འབྲེལ་
    འཇིགས་རྒོལ་སྦྱོང་བརྡར་གྱི་འགོ་ཚུགས་མཛད་སྒོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། ཀྲུང་གོ་དྲག་ཆས་ཉེན་རྟོག་དཔུང་སྡེ་དང་བྷེ་ཨུ་རུ་སུའི་ནང་སྲིད་པུའི་ནང་སྲུང་དཔུང་སྡེའི“མཉམ་འབྲེལ་ལག་ཕུབ་2017”ཞེས་པའི་མཉམ་འབྲེལ་འཇིགས་རྒོལ་སྦྱོང་བརྡར་བྷེ་ཨུ་རུ་སུའི་མེན་སི་ཁེ་གྲོང་ཁྱེར་ཉེ་འགྲམ་གྱི་3214དཔུང་སྡེའི་སྦྱོང་བརྡར་ཐང་དུ་འགོ་ཚུགས་པ་དང་། དེ་ནི་ཀྲུང་གོ་དྲག་ཆས་ཉེན་རྟོག་དཔུང་སྡེས་བྷེ་ཨུ་རུ་སུའི་ནང་སྲིད་པུའི་ནང་སྲུང་དཔུང་སྡེ་དང་མཉམ་འབྲེལ་ཐོག་འཇིགས་རྒོལ་སྦྱོང་བརྡར་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།
         ད་ཐེངས་ཀྱི་མཉམ་འབྲེལ་འཇིགས་རྒོལ་སྦྱོང་བརྡར་དེ་ནི་ཀྲུང་གོ་དྲག་ཆས་ཉེན་རྟོག་དཔུང་སྡེ་དང་བྷེ་ཨུ་རུ་སུའི་ནང་སྲིད་པུའི་ནང་སྲུང་དཔུང་སྡེས་དམག་དོན་སྤེལ་རེས་དང་མཉམ་ལས་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། དེའི་དམིགས་ཡུལ་ནི་ཕྱོགས་གཉིས་ཀ་ཤེས་རྟོགས་བྱ་ཤུགས་ཆེ་རུ་གཏོང་བ་དང་ཆེད་ལས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་དཔུང་སྡེ་གཉིས་ཀྱི་མཉམ་འབྲེལ་འཇིགས་རྒོལ་གྱི་མཉམ་ལས་དམག་འཐབ་ནུས་པ་དང་། དེ་བཞིན་ས་གནས་དེ་གར་གློ་བུར་དུ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་ཐོན་སྐབས་ཀྱི་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་དེ་ཕྱོགས་གསུམ་པའི་རྒྱལ་ཁབ་དང་ས་ཁུལ་གང་ལའང་དམིགས་མེད་པ་རེད། ཀྲུང་གོ་དང་བྷེ་ཨུ་རུ་སུ་ཕྱོགས་གཉིས་ཀྱིས་རུ་མི་31སྦྱོང་བརྡར་ནང་ཞུགས་སུ་བཅུག་པ་དེའི་ནང་ཀྲུང་གོ་དྲག་ཆས་དཔུང་སྡེས“་རྒོད་རྔོན”འཕྲལ་རྒོལ་རུ་ཁག་སྦྱོང་བརྡར་ནང་བཏང་བ་དང་བྷེ་ཨུ་རུ་སུ་ཕྱོགས་ཀྱིས་3032ཆེད་ལས་དམག་འཐབ་ལུའེ་སྦྱོང་བརྡར་ནང་ཞུགས་སུ་བཅུག་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཉམ་འབྲེལ་སྦྱོང་བརྡར་དུས་ཡུན་ཉིན་བཅུ་ལྷག་ཙམ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།