འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་མོང་ཨུ་གསུམ་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་བསྡད་ནས་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་
    ཁབ་གསུམ་དུ་ཡུལ་སྐོར་ལ་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་7ཚེས་10ཉིན། ཨུ་རུ་སུའི་མོ་སི་ཁོ་ནས་ཐོན་ཏེ་ལམ་བར་དུ་མོང་གོལ་རྒྱལ་ཁབ་ཀྱི་་ལན་དཔའ་ལ་བརྒྱུད་ནས་མཐར་ཀྲུང་གོའི་པེ་ཅིང་དུ་འབྱོར་རྒྱུ་བཅས་ཡིན་པའི་ཀྲུང་མོང་ཨུ་གསུམ་གྱི་ཇ་ལོའི་ལམ་བུ་བསྐྱར་དུ་འགྲིམ་པའི“ཨེར་ལན་ཧའོ་ཐེ་རྟགས་ཅན”གྱི་རྒྱལ་སྤྱིའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ནང་སོག་རང་སྐྱོང་ལྗོངས་ཀྱི་ཨེར་ལན་ཧའོ་ཐེ་འགག་སྒོར་འབྱོར་ཞིང་། ནང་སོག་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་ཨེར་ལན་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“ཡུལ་སྐོར་ཚོགས་པར”ཆེད་སྤྱོད་ལམ་བུ་བཏོད་ནས་ཡུལ་སྐོར་བར་སྤུས་ལེགས་ནུས་ཆེའི་འགག་སྒྲོལ་ཞབས་འདེགས་ཞུས་པ་རེད།
         ཉེ་བའི་ལོ་ཤས་རིང་། ཀྲུང་མོང་ཨུ་གསུམ་གྱིས་མཉམ་འབྲེལ་ཐོག“ཇ་ལོའི་ལམ་བུ”ཞེས་པའི་ཡུལ་སྐོར་སྤུས་རྟགས་བཏོད་ཅིང་། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་འགྲུལ་པས་མེ་འཁོར་བསྡད་ནས་ཀྲུང་མོང་ཨུ་གསུམ་གྱི་ཡུལ་ལྗོངས་མྱོང་རོལ་བྱེད་ཆོག་གི་ཡོད་ཅིང་།
      

    ཕྱོགས་བསྡུས་གསར་འགྱུར།