འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཐོ་སློབ་ཀྱིས་རུ་ཝང་ཏའི་ལས་རིགས་ལག་རྩལ་སློབ་གསོར་རོགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། ཅིན་ཧྭ་ལས་རིགས་ལག་རྩལ་སློབ་གླིང་རུ་ཝང་ཏ་མུའུ་སང་ཙེ་རྒྱལ་སྤྱིའི་སློབ་གླིང་གིས་རུ་ཝང་ཏའི་བྱང་རྒྱུད་ཞིང་ཆེན་མུའུ་སང་ཙེ་ས་ཁུལ་དུ་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཅིན་ཧྭ་ལས་རིགས་ལག་རྩལ་སློབ་གླིང་གིས་རྒྱ་ཡིག་དང་ལས་རིགས་ལག་རྩལ་གསོ་སྦྱོང་ཟུང་འབྲེལ་བྱས་ཏེ་རུ་ཝང་ཏ་ཕྱོགས་ལ་གོ་ཆོད་ཅན་གྱི་ལག་རྩལ་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བྱ་རྒྱུ་ཡིན་པ་རེད།
         མུའུ་སང་ཙེ་རྒྱལ་སྤྱིའི་སློབ་གླིང་ནི་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་གླིང་གི་ཕྱི་རྒྱལ་དུ་ཡོད་པའི་ཡན་ལག་སློབ་གྲྭ་ཞིག་ཡིན་པ་དེ་ནི་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་གླིང་དང་མུའུ་སང་ཙེ་ལས་རིགས་ལག་རྩལ་སློབ་གླིང་མཉམ་ལས་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་། སྔོན་རྩིས་བྱས་ན། འདི་ལོའི་ཟླ་9པར་སློབ་མ་ཁག་དང་པོ་བསྡུ་རྒྱུ་ཡིན་པ་རེད། སློབ་མས་དང་ཐོག་མུའུ་སང་ཙེ་རྒྱལ་སྤྱིའི་སློབ་གླིང་དུ་ལོ་གཅིག་རྒྱ་ཡིག་སྦྱོང་རྒྱུ་དང་དེ་རྗེས་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་གླིང་དུ་བསྐྱོད་ནས་འཕྲུལ་འཁོར་བཟོ་སྐྲུན་དང་། ཆ་འཕྲིན་ལག་རྩལ། མགྲོན་ཁང་དོ་དམ། འཛུགས་སྐྲུན་དང་ཞིང་ལས་སོགས་ཀྱི་ཆེད་ལས་སློབ་སྦྱོང་བྱ་རྒྱུ་རེད། འཆར་གཞི་ལྟར་ན། སླད་ཕྱིན་མུའུ་སང་ཙེ་རྒྱལ་སྤྱིའི་སློབ་གླིང་གིས་རུ་ཝང་ཏར་སློབ་མར་ཆེད་ལས་ཤེས་བྱ་སློབ་འཁྲིད་བྱ་རྒྱུ་ཡིན་པ་རེད། གཞན་ཡང་། མུའུ་སང་ཙེ་རྒྱལ་སྤྱིའི་སློབ་གླིང་གིས་ད་དུང་ལས་རིགས་རྩལ་ནུས་འཕེལ་རྒྱས་ལྟེ་གནས་བསྐྲུན་ནས་རུ་ཝང་ཏའི་ལག་རྩལ་བཟོ་པར་གསོ་སྦྱོང་བྱེད་རོགས་བྱ་རྒྱུ་ཡིན་པ་རེད།
         ཅིན་ཧྭ་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་སྤྱི་དབྱང་ཡན་གྱིས་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་གླིང་གིས་རུ་ཝང་ཏར་ཡན་ལག་སློབ་གྲྭ་བཙུགས་པ་དེས་རུ་ཝང་ཏར་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བྱ་རྒྱུ་དང་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་ལ་ལྷོ་ལྷོ་མཉམ་ལས་དང“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་ཆེད་ཡིན། ཅིན་ཧྭ་ལས་རིགས་ལག་རྩལ་སློབ་གླིང་གིས་སླད་ཕྱིན་ལས་རིགས་ལག་རྩལ་གསོ་སྦྱོང་མཉམ་ལས་མཐའ་འཁོར་གྱི་རྒྱལ་ཁབ་ཏུ་རྒྱ་སྐྱེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།