འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་ཟླ་1པོར་ཡོ་རོབ་མནའ་འབྲེལ་གྱི་མི་འབོར་དུང་ཕྱུར་5.118བར་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། ཡོ་རོབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2017ལོའི་ཟླ་1ཚེས་1ཉིན་བར་ཡོ་རོབ་མནའ་འབྲེལ་གྱི་མི་འབོར་དུང་ཕྱུར་5.118ཟིན་ནས་2016ལོའི་དུས་མཚུངས་ལས་མི་ཁྲི་150འཕར་ཡོད་པ་རེད།
         ཡོ་རོབ་བསྡོམས་རྩིས་ཅུས་ཀྱིས་གསར་དུ་སྐྱེས་པ་དང་འཆི་བའི་མི་གྲངས་གཞི་རྩའི་ཆར་འདྲ་པོ་ཡོད། དེར་བརྟེན་ཡོ་རོབ་མནའ་འབྲེལ་གྱི་མི་འབོར་འཕར་གཞི་གཙོ་བོ་ནི་གནས་སྤོས་ཡུལ་མི་རེད་ཅེས་བཤད་པ་རེད།
         གྲངས་གཞི་ལས་མངོན་པར། 2017ལོའི་ཟླ་1ཚེས་1ཉིན་བར། འཇར་མན་གྱི་མི་འབོར་ཁྲི་8280ཟིན་ནས་ཡོ་རོབ་མནའ་འབྲེལ་དུ་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད། ཧྥ་རན་སེ་དང་དབྱིན་ཇིའི་མི་འབོར་ཁྲི་6700དང་ཁྲི་6580སོ་སོར་ཟིན་ནས་ཨང་གཉིས་པ་དང་གསུམ་པར་སླེབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།