འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུཌ་ཀྱིས་ཀྲུང་ཧྭ་ཡི་གསོ་རིག་
    སྙན་ཞུའི་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། ཀྲུང་ལུགས་གསོ་རིག་གི་གསེར་ཁབ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་གཞུང་ནང་བཅུག་པར་དྲན་གསོ་བྱ་ཆེད། ཚེས་10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཕ་རི་སིའི་སྤྱི་ཁྱབ་པུར་ཀྲུང་ཧྭ་གསོ་རིག་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། ཡོ་རོབ་དང་། ཨེ་ཤེ་ཡ། ཨ་ཧྥེ་རི་ཁ་བཅས་ཀྱི་གསོ་རིག་མཁས་ཅན་དང་མཁས་དབང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཀྲུང་ཧྭ་རིག་གནས་ཀྱི་དགའ་ཞེན་པ་བརྒྱ་ལྷག་ཙམ་སྙན་ཞུའི་ཚོགས་འདུའི་ནང་ཞུགས་པ་རེད།
        པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་དང་དགེ་རྒན་ཆེ་མོ་བ་ཞུས་ཨན་ལུང་གིས་གདན་ཞུས་ལྟར་འགོ་བརྗོད་དུ་《ཀྲུང་ལུགས་གསོ་རིག་གིས་མིའི་རིགས་ཀྱི་བདེ་ཐང་སྲུང་བའི་གོ་སྐབས་དང་འགྲན་སློང་》ཞེས་འཁོད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད། པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཀྲའེ་ཧྲོང་ཆིང་གིས་ཀྲུང་ལུགས་གསོ་རིག་གི་གསུང་རབ་《གོང་མའི་གསང་རིག་ཞལ་ལུང་》འགྲེལ་བཤད་བརྒྱབ་པར་བརྟེན་ནས་ཚོགས་ཞུགས་སྐུ་མགྲོན་ཚོར་ཀྲུང་ལུགས་གསོ་རིག་ངོས་འཛིན་དང་། དབྱེ་ཞིབ། ཐག་གཅོད་གནད་དོན་བཅས་ཀྱི་བསམ་ཕྱོགས་འགྲེལ་བཤད་བརྒྱབ་པ་རེད།
         པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་ཚོགས་པས་ད་ཐེངས་ད་དུང་ཧྥ་རན་སེ་པ་སི་ཏེ་ཞིབ་འཇུག་ཁང་སོགས་གསོ་རིག་ཞིབ་འཇུག་སྒྲིག་གཞི་ཆེ་གྲས་དང་ཡང་སྤེལ་རེས་བྱས་པ་དང་འབྲེལ། འབྱུང་འགྱུར་མཉམ་འབྲེལ་ཚན་ཞིབ་བྱ་རྒྱུར་སྦྲེལ་མཐུད་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།