འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱིས་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་
    ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ལག་བསྟར་ཨུ་ལྷན་གྱིས་ཚེས་10ཉིན་ལུའོ་སང་དུ་ཚོགས་འདུ་འཚོགས་ཏེ་ཕིང་ཁྲང་དང་། ཐོ་ཁེའོ། པེ་ཅིང་བཅས་ཨོ་རྩལ་འགྲན་ཚོགས་སྐབས་གསུམ་གྱི་མཐུན་སྦྱོར་ཨུ་ལྷན་གྱི་སྙན་ཞུ་ཉན་པ་དང་། ཚོགས་འདུ་གྲོལ་རྗེས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱིས་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་རེད།
         རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཨོ་རྩལ་འགྲན་ཚོགས་པུའི་ལག་བསྟར་ཀྲུའུ་རེན་ཏུའུ་པིས་ཚོགས་འདུ་གྲོལ་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་མཐུན་སྦྱོར་ཨུ་ལྷན་གྱི་ཀྲུའུ་ཞི་རུའུ་ཁོའོ་ཕུའུ་ཡིས་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་གླེང་སྐར་མ་10གནང་ནས་ཟླ་6པར་ཁོང་གིས་མཐུན་སྦྱོར་ཨུ་ལྷན་གྱི་སྣེ་འཁྲིད་དེ་པེ་ཅིང་དུ་རྟོག་ཞིབ་གནང་ཚུལ་ངོ་སྤྲོད་གནང་ཡོད་ཅེས་གསུངས།
         ཏུའུ་པིས“རུའུ་ཁོའོ་ཕུའུ་ཡིས་པེ་ཅིང་གི་གྲ་སྒྲིག་ལས་དོན་ལ་ཁོང་ཚོ་བློ་ཡིད་ཚིམ་པོ་བྱུང་ཞེས་གསུངས་པ་དང་། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུའི་ནན་བཤད་གནང་ཡོད”ཅེས་གསུངས།
         ཏུའུ་པིས་རུའུ་ཁོའོ་ཕུའུ་ཡི་ཞིབ་གླེང་ཧ་ཅང་ཞིབ་ཚགས་པ་དང་། ཁོང་གིས་ང་ཚོར་པེ་ཅིང་གི་ལུས་རྩལ་ཐང་འགའ་ཞིག་གྲ་སྒྲིག་བྱས་ཟིན་ལ་གྲབས་གཉེར་ལས་དོན་ཚང་མ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་ཤེས་སུ་བཅུག པེ་ཅིང་དུ་དགུན་དུས་ཀྱི་འགྲན་བསྡུར་རྣམ་གྲངས་ཁ་ཤས་གཉེར་བར་ཉམས་མྱོང་འདང་གི་མེད། འོན་ཀྱང་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་དགུན་དུས་རྣམ་གྲངས་ཀྱི་རྒྱལ་སྤྱིའི་རྩ་འཛུགས་ཁག་དང་མཉམ་ལས་དམ་ཟབ་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཀྱང་2018ལོའི་ཧན་གོའི་ཕིང་ཁྲང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་འབྲེལ་གཏུག་ཡག་པོ་བྱས་ཏེ་ཐབས་ལམ་སྣ་ཚོགས་ནས་འགྲན་བསྡུར་གཉེར་བའི་རྩ་ཆེའི་ཉམས་མྱོང་ལེན་ཐབས་བྱེད་ཀྱི་ཡོད་ཅེས་གསུངས།
         ཁོང་གིས་རུའུ་ཁོའོ་ཕུའུ་ཡིས་ད་དུང་ལག་བསྟར་ཨུ་ལྷན་ལ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་2008ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཐང་དང་ཁང་གི་ཤུལ་བཞག་བེད་གང་ལེགས་སྤྱད་དེ་པེ་ཅིང་གི་ཉེ་འཁོར་དང་ཐ་ན་ཀྲུང་གོའི་ས་ཁུལ་དེ་བས་མང་བར་ཡུན་རིང་ཕན་པ་ཐོབ་པའི་འདུ་ཤེས་བརྩོན་ལེན་ཧུར་ཐག་བྱེད་ཀྱི་ཡོད་པ་ངོ་སྤྲོད་གནང་ཡོད་ཅེས་གསུངས།
         ཏུའུ་པིས་འཛམ་གླིང་རྒྱལ་ཁབ་ཁག་ནས་ཡོང་བའི་ས་གནས་ས་ཐོག་གི་གསར་འགོད་པ་བརྒྱ་ཙམ་ལ“རུའུ་ཁོའོ་ཕུའུ་ཡིས་སྙན་ཞུ་གནང་བ་དེས་ལག་བསྟར་ཨུ་ལྷན་ལ་དགེ་མཚན་ལྡན་པའི་བག་ཆགས་ཟབ་མོ་བཞག་ཡོད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།